
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༨ པའི་ཚེས་ ༤ ལུ་ རྒྱ་གར་གྱི་ མངོན་མཐོ་ཁྲིམས་འདུན་ལས་ ཀོང་གེ་རེཛ་ སྲིད་ཚོགས་ཀྱི་འགོ་ཁྲིདཔ་ ར་ཧཱུལ་གཱན་དྷི་ལུ་ མོ་དིའི་རུས་མིང་དང་འབྲེལ་བའི་ དམའ་ཕབ་ཀྱི་ ཉེས་ཁྲིམས་ཕོག་མི་དེ་ མཚམས་འཇོག་འབད་ནུག།.
དེ་ཡང་ མངོན་མཐོ་ཁྲིམས་འདུན་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཐོག་མའི་ཁྲིམས་འདུན་གྱིས་ ཉེས་ཁྲིམས་དེ་ ལོ་ངོ་ ༢ ལས་ ཉིནམ་ ༡ དམའ་སུ་སྦེ་ བཀལ་བ་ཅིན་ ར་ཧཱུལ་གཱན་དྷི་དེ་ སྤྱི་ཚོགས་ཀྱི་ འཐུས་མིའི་གྲས་ལས་ ཕྱིར་བཏོན་འབད་དགོཔ་ མ་ཐོནམ་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ར་ཧཱུལ་གཱན་དྷི་གིས་ཡང་ སུ་རཱཏ་ཁྲིམས་ཀྱི་འདུན་སར་ སྤྱི་ལོ་ ༢༠༡༩ ལུ་ དྲང་དཔོན་ཅིག་གིས་ ཁོ་ལུ་ ཉེས་ཁྲིམས་བཀལ་མི་དེ་ གཙོ་བོ་ར་ སྤྱི་ཚོགས་ཀྱི་ འཐུས་མིའི་གྲས་ལས་ བཏོན་བཏང་ཐབས་ལུ་ ནོར་འཁྲུལ་དང་ ཕྱི་འགྱུར་གྱི་སྒོ་ལས་ བཀལ་ཡོདཔ་སྦེ་ ཞུ་བའི་ཁར་ ཁོ་ར་ཡང་ སྤྱི་ཚོགས་ཀྱི་ འཐུས་མི་ཅིག་འབདཝ་ལས་ ཐོག་མའི་ཁྲིམས་འདུན་གྱིས་ ཁོ་ལུ་ གདུག་རྩུབ་འབད་ཡི་ཟེར་ཞུ་ནུག།
མངོན་མཐོའི་ཁྲིམས་འདུན་ལས་ བཀོད་མིའི་ནང་ མ་གཞི་ གཱན་དྷི་གིས་ མོ་དིའི་སྐོར་ལས་ བརྙས་བཅོས་ཀྱི་ཚིག་ཚུ་ སེམས་ཁར་འཐད་ཏོག་ཏོ་མེདཔ་ལས་ གསལ་བཤད་ཚུ་འབད་བའི་སྐབས་ལུ་ གཟབ་གཟབ་འབད་དགོཔ་འདུག་ཟེར་ཨིན་པས།
ར་ཧཱུལ་གཱན་དྷིའི་ ཁྲིམས་རྩོདཔ་གིས་ ཁྲིམས་འདུན་ལུ་ ཉེས་གྲོལ་གྱི་ སྔ་གོང་ལུ་ གཱན་དྷི་གིས་ སྤྱི་ཚོགས་ནང་ གྲལ་གཏོགས་འབད་ནི་དང་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ གོ་སྐབས་ཡང་ མཐའ་མཇུག་ཨིན་ཟེར་ཞུ་ནུག།
དེ་མ་ཚད་ མངོན་མཐོ་ཁྲིམས་འདུན་ལས་ འཁྲུན་ཆོད་གནང་ནི་གི་ དུས་ཚོད་དེ་ཡང་ ཉིན་གྲངས་ ༦༦ སྦེ་ བཞག་མི་དང་ ཉེས་འཛུགས་དེ་ལུ་བརྟེན་ཏེ་ ར་ཧཱུལ་གཱན་དྷི་གིས་ སྤྱི་ཚོགས་ལན་ཐེངས་ ༢ ཀྱི་ གོ་སྐབས་ཚུ་ བྱང་ཡོདཔ་སྦེ་ཡང་ ཞུ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1437436
Views Today :
Total views : 5000
Who's Online :