ཨི་ཀུ་ཝ་ཌོར་ བཙོན་ཁང་གི་ ཡིག་ཚང་ཚུ་གི་ནང་ལས་ སྨྱོ་རྫས་ཐོབ་ཡོདཔ་ལས་ བཙོན་ཁང་གི་ ལས་བྱེདཔ་ ༩ འཛིན་བཟུང་།

རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ཨི་ཀུ་ཝ་ཌོར་ རྒྱལ་ཁབ་ཀྱི་ ཁྲིམས་རྩོདཔ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨི་ཀུ་ཝ་ཌོར་ བཙོན་ཁང་གི་ ཡིག་ཚང་ཚུ་ནང་ བཀག་དམ་ཅན་གྱི་ སྨྱོ་རྫས་ཚུ་ ཐོབ་ཡོདཔ་ལས་ བཙོན་ཁང་སྲུང་རྒྱབ་ ༢ དང་ ལས་བྱེདཔ་ ༧ འཛིན་བཟུང་འབད་ཡི་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༧ པའི་ མཇུག་བསྡུ་ཁམས་ཅིག་ཁར་ རྒྱལ་ཁབ་ཀྱི་ བཙོན་ཁང་ཚུ་ནང་ བྱེལཝ་ལང་སྟེ་ མི་གྲངས་ ༣༡ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ སྲིད་འཛིན་གུ་ལར་མོ་ལ་སོ་གིས་ སྤྱི་ཟླ་ ༧ པའི་ཚེས་ ༢༥ ལས་ ཉིན་གྲངས་ ༦༠ གི་རིང་ལུ་ གློ་བུར་གྱི་ གནས་སྟངས་སྦེ་ གསལ་བསྒྲགས་འབད་ནུག།
ཨི་ཀུ་ཝ་ཌོར་ སྲུང་སྐྱོབ་དམག་མི་ཚུ་གིས་ གུ་ཝ་ཡ་ཀིལ་དང་ ག་ནི་བ་ཡང་ ཉེན་ཁ་ཆེ་བའི་ པེ་ནི་ཊེན་ཤི་ཡ་རི་ཡ་ ཌེལ་ལི་ཏོ་རཱལ་ཟེར་མི་ བཙོན་ཁང་ ༢ ཀྱི་ནང་ དབྱེ་ཞིབ་ཚུ་འབདཝ་ད་ བཙོན་ཁང་གི་ ཡིག་ཚང་ཚུ་ནང་ལས་ སྨྱོ་རྫས་ཚུ་ ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: