
སྤྱི་ཟླ་ ༨ པའི་ཚེས་ ༡ དང་ ༢ ལུ་ ཕུན་ཚོགས་གླིང་ རྒྱལ་གཞུང་འབྲུག་གི་འགག་སྡེ་གིས་ བཀག་འཛིན་ཅན་གྱི་སྨྱོ་རྫས་ ཨེཛ་པི་པཱ་ལཱཛ་ཟེར་མི་ འབག་སྟེ་ཡོདཔ་ལས་ པདྨ་དགའ་ཚལ་ ཤུ་མར་ལས་ སྐྱེས་ལོ་ ༣༣ འབད་མི་ རྟ་མགྲིན་དཔལ་བཟང་དང་ ལྷུན་རྩེ་སྒང་ཟུར་ལ་གྲོང་ལས་ སྐྱེས་ལོ་ ༣༡ འབད་མི་ ངག་དབང་རྒྱ་མཚན་ དེ་ལས་ དབང་འདུས་ཕོ་བྲང་ དགའ་སེང་ལོགས་ལས་ སྐྱེས་ལོ་ ༣༢ འབད་མི་ དབང་ཕྱུག་ཚུ་ འཛིན་བཟུང་འབད་ནུག།
དེ་ཡང་ རྟ་མགྲིན་དཔལ་བཟང་དང་ ངག་དབང་རྒྱལ་མཚན་ ༢ ལུ་ ད་རེས་ ལཱ་གཡོག་མེདཔ་ད་ དབང་ཕྱུག་དེ་ དེད་གཡོགཔ་སྦེ་ ལཱ་འབདཝ་ཨིན་པས། དེ་བཟུམ་མའི་ སྨྱོ་རྫས་ཚུ་ ཁོང་ལུ་ ག་དེ་སྦེ་ ཐོབ་ཡོདཔ་ཨིན་ནའི་སྐོར་ལས་ གཏན་འཁེལ་གྱི་དོན་ལུ་ ཞིབ་དཔྱད་ཅིག་ འགོ་འདྲེན་འཐབ་པའི་བསྒང་ཨིན་པས།
རྒྱལ་གཞུང་འགག་སྡེའི་ ཁ་ཐུག་ལས་ མི་མང་ག་རའི་དོན་ལུ་ གནས་སྟངས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ བཟོ་ཐབས་ལུ་ མི་མང་གིས་ དྲནམ་བཏོན་ཏེ་ སྨྱོ་རྫས་དང་འབྲེལ་བའི་ དོགས་པ་ཡོད་མི་དང་ ཡང་ཅིན་ བརྡ་དོན་ཚུ་གི་སྐོར་ལས་ རྒྱལ་གཞུང་འགག་སྡེ་ལུ་ སྙན་ཞུ་འབད་དེ་ མཉམ་འབྲེལ་འཐབ་དགོ་པའི་ དྲན་བསྐུལ་འབདཝ་ཨིན་པའི་ གནས་ཚུལ་མདོར་བསྡུས།





Users Today : 1128
Users Yesterday : 1303
This Month : 66800
This Year : 295641
Total Users : 1007457
Views Today : 2686
Total views : 2928718
Who's Online : 14