
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ རྒྱ་ནག་གི་ མཁའ་དམག་གནམ་གྲུ་ཚུ་ དམག་འཁྲུག་གྲ་སྒྲིག་གི་དོན་ལས་ ལག་ལེན་འཐབ་མི་ མཚོ་དམག་གི་ གྲུ་ཆེན་ ༥ དང་སྦྲགས་ཏེ་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ས་ཁོངས་ནང་ བཙན་འཛུལ་འབད་ཡོདཔ་ད་ དེ་ཡང་ བདུན་ཕྲག་འདི་ནང་ དེ་བཟུམ་མའི་ ལཱ་བྱ་འཐབ་མི་དེ་ ཐེངས་ ༢ པ་ཨིནམ་སྦེ་ ཏ་ཡེ་ཝཱན་གྱི་ སྲུང་སྐྱོབ་ལྷན་ཁག་ལས་ བཤད་ཡོདཔ་ཨིན་པས།
རྒྱ་ན་གིས་འབད་བ་ཅིན་ ཏ་ཡེ་ཝཱན་ མཚོ་གླིང་དེ་ ཁོང་གི་མངའ་འོག་ལུ་ཨིན་པའི་ ཐོབ་བརྗོད་བཀོད་དེ་ འདས་པའི་ལོ་ངོ་ ༣ གྱི་རིང་ལུ་ ཏ་ཡེ་ཝཱན་གྱི་ སྦོ་ལོགས་ཁར་ དམག་སྦྱོང་ཚུ་ ལོག་ཅིང་རང་ ལག་ལེན་འཐབ་དོ་ཡོད་པའི་སྐོར་ལས་ ཉོག་བཤད་བཀོད་ནུག།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ དྲོ་པའི་ཆུ་ཚོད་ ༩ དེ་ཅིག་ཁར་ རྒྱ་ནག་གི་ གནམ་གྲུ་ ༢༥ རྒྱ་མཚོ་གུ་ལས་ འཕུར་མི་ཚུ་གི་གྲས་ཁར་ མཁའ་དམག་གནམ་གྲུ་ ཇེ་༡༠ དང་ ཇེ་༡༦ དེ་ལས་ གས་རྫས་བཀོག་མི་ གནམ་གྲུ་ཨེཆ་༦ འབད་མི་ཚུ་ ཏ་ཡེ་ཝཱན་གྱི་ ལྷོ་ནུབ་མཁའ་དབྱིངས་ལུ་ འཕུར་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1090
Users Yesterday : 1303
This Month : 66762
This Year : 295603
Total Users : 1007419
Views Today : 2571
Total views : 2928603
Who's Online : 7