
ཨེན་ཌི་ཊི་ཝི།
སང་ཕོད་ རྒྱ་གར་ལུ་ ཚོགས་ཁང་འོག་མའི་དོན་ལས་ འགོ་འདྲེན་འཐབ་ནི་ཨིན་མི་ བཙག་འཐུའི་ཧེ་མར་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ སྔར་སྲོལ་ལག་རྩལ་ཐོག་ལས་ འཚོ་བ་སྐྱོང་སྟེ་ སྡོད་མི་ཚུ་གི་དོན་ལུ་ གྲོགས་རམ་སྦོམ་འབད་ནི་ཨིན་པའི་ གསལ་བསྒྲགས་གནང་ཡོདཔ་ད་ དེ་ཡང་ ལས་འཆར་དེ་གི་དོན་ལས་ མ་དངུལ་རུ་པི་བྱེ་བ་ ༡༣,༠༠༠ ལས་ ༡༥,༠༠༠ ཚུན་གྱི་ དཔྱ་བགོ་ཚུ་ བཞག་ནི་སྦེ་ཨིན་པས།
དེ་ཡང་ ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ བི་ཧར་མངའ་སྡེ་ལུ་ མི་རིགས་དང་འབྲེལ་བའི་ མི་རྩིས་ཀྱི་ འཆར་གཞི་ཚུ་བརྩམས་ཏེ་ གོང་འཕེལ་ནང་ ཤུལ་ལས་ལུས་མི་ཚུ་ལས་ ཚོགས་རྒྱན་ཐོབ་ཐབས་འབད་མི་དེ་ ནུས་མེད་བཟོ་ཐབས་ལུ་ཨིན་པའི་ ཚོར་སྣང་བསྐྱེདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ རྒྱ་གར་རྒྱལ་ཁབ་ རང་དབང་ཐོབ་པའི་ དུས་སྟོན་བརྩི་སྲུང་སྐབས་ལུ་ བློན་ཆེན་མོ་དི་གིས་ བི་ཤྭ་ཀརྨ་ཡོ་ཇ་ན་ཟེར་མི་ ལས་འཆར་དེ་ ལམ་སྲོལ་ཅན་གྱི་ ལག་རྩལ་ཡོད་མི་ཚུ་གིས་ འཚོ་བ་སྐྱོང་ཐབས་ལུ་ ལག་རྩལ་ཅན་གྱི་ལཱ་ཚུ་ གཞི་རྟེན་ལག་ཆས་ཚུ་ ལག་ལེན་འཐབ་མི་ཚུ་ལུ་ གྲོགས་རམ་འབད་ནི་གི་ དམིགས་གཏད་བསྐྱེདཔ་ཨིན་པའི་ གསལ་བཤད་གནང་ནུག།
ལས་འཆར་དེ་ མི་སེར་མང་ཤོས་ཅིག་ གོང་འཕེལ་ནང་ ཤུལ་ལུས་ཚུ་གི་དོན་ལུ་ཨིནམ་ད་ དེ་སྦེ་ ཤུལ་ལས་ལུས་མི་ཚུ་གི་གྲས་ཁར་ ཤིང་བཟོཔ་དང་ གསེར་བཟོཔ་ རྡོ་བཟོཔ་ བགོ་ལ་འཁྱུ་མི་ སྐྱ་བཏོག་མི་ལ་སོགས་པ་ཚུ་ ཚུདཔ་ཨིན་པས།
དེ་བཟུམ་མའི་ ལཱ་འབད་མི་ཚུ་ སྟོབས་ཤུགས་ཡོདཔ་ བཟོ་ནི་གི་དོན་ལས་ བི་ཤྭ་ཀརྨ་ཡོ་ཇ་ན་དེ་ སྤྱི་ཟླ་ ༩ པའི་ནང་ བི་ཤྭ་ཀརྨ་ཇ་ཡཱན་ཏིའི་ དུས་སྟོན་བརྩི་སྲུང་སྐབས་ ལུ་ འགོ་བཙུགས་ནི་ཨིན་པས།
ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ མདང་ཞག་ སྤྱི་ཟླ་ ༧ པའི་ནང་ ཞལ་འཛོམས་སྦོམ་ཤོས་ ཐེངས་ ༢ པ་ འཚོགས་པའི་སྐབས་ལུ་ མི་སྡེ་དང་ ཤེས་ཡོན་ དཔལ་འབྱོར་གོང་འཕེལ་ཚུ་ནང་ ཤུལ་ལས་ལུས་མི་ མི་སྡེ་ཚུ་གི་དོན་ལུ་ དྲང་བདེན་གྱི་ དགོས་བརྗོད་བཀོད་དེ་ གོམ་ཐེངས་དང་པ་དེ་ མི་རིགས་དང་འབྲེལ་བའི་ མི་རྩིས་ལག་ལེན་འཐབ་ནི་ཨིན་པའི་ གྲོས་བསྡུར་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1352
Users Yesterday : 2073
This Month : 3425
This Year : 183328
Total Users : 895144
Views Today : 2474
Total views : 2629298
Who's Online : 3