ཨུཛ་བེ་ཀིཛ་ཏཱན་ལུ་ རྒྱ་གར་ལས་ཐོན་མི་ གློ་སྨན་ཁུ་བ་ ནང་གསུག་བྱིན་ཐོག་ལས་ ཚོང་ལམ་ནང་བཀྲམ་སྤེལ།

རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ ཨུཛ་བེ་ཀིཛ་ཏཱན་གྱི་ གཞུང་འབྲེལ་ཐོག་ལུ་ ཉེས་འཛུགས་འབད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་རྒྱལ་ཁབ་ནང་ ཨ་ལོ་ ༦༥ ལུ་ ཤི་རྐྱེན་བྱུང་བཅུག་མི་ བཙོག་ཞུགས་གློ་སྨན་ཁུ་བ་ཚུ་ བརྟག་དཔྱད་འབད་ནི་ལས་ ཟུར་ཐབས་ལུ་ བཀྲམ་སྤེལ་འབད་མི་ཚུ་གིས་ ས་གནས་ཀྱི་འགོ་དཔོན་ཚུ་ལུ་ ནང་གསུག་ཌོ་ལར་ ༣༣,༠༠༠ དེ་ཅིག་ སྤྲོད་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ མི་གྲངས་ ༢༡ ལུ་ ཉེས་འཛུགས་འབད་མིའི་གྲས་ཁར་ མི་ངོ་ ༢༠ ཨུཛ་བེ་ཀིཛ་ཏཱན་གྱི་ མི་ཁུངས་དང་ མི་ངོམ་ ༡ རྒྱ་གར་གྱི་ མི་ཁུངས་ཨིནམ་ད་ ཁོང་གི་གྲས་ལས་ རྒྱ་གར་གྱི་ མི་ཁུངས་དང་ ཨུཛ་བེ་ཀིཛ་ཏཱན་གྱི་ མི་ཁུངས་ ༢ འབདཝ་ད་ མི་ངོམ་གསུམ་པོ་དེ་ རྒྱ་གར་གྱི་ སྨན་བཟོ་འཕྲུལ་ཁང་ མ་རི་ཡཱོན་ བ་ཡོ་ཀྲེཀཊེག་ཟེར་མི་གིས་ བཟོ་སྦྱོར་འབད་མི་ གློ་སྨན་ཁུ་བ་ ཀོ་ར་མེཀཛ་ མེ་ཌི་ཀཱལ་ཟེར་མི་ཚུ་ ཨུཛ་བེ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ཚོང་འབྲེལ་འཐབ་མི་ཨིན་པས།
ཨུཛ་བེ་ཀིཛ་ཏཱན་གྱི་ གཞུང་འབྲེལ་རྩོད་རྩ་ ས་ཡིད་ཀ་རིམ་ ཨ་ཀི་ལོབ་ཀྱིས་ ཀོ་ར་མེགཛ་གི་ བཀོད་ཁྱབ་འགོ་དཔོན་གཙོ་ སིང་རཱག་བེན་ད་ར་ པར་ཏར་གྱིས་ གཞུང་འབྲེལ་ཐོག་གི་ སྨན་རྫས་ཚད་གཞི་ བརྟག་དཔྱད་ལྟེ་བའི་ འགོ་དཔོན་ཚུ་ལུ་ ནང་གསུག་བྱིན་ཏེ་ སྨན་གྱི་ཁུ་བ་ཚུ་ བརྟག་དཔྱད་མ་འབད་བར་ བསྐྱལ་ནུག་ཟེར་བཤད་ནུག།
ད་རེས་ ཁོང་ ༢༡ ལུ་ ཉེས་འཛུགས་འབད་མི་ཚུ་གི་གྲས་ལས་ མི་ངོམ་ ༧ གྱིས་ ཁྲལ་ཟུར་དང་ སྨན་རྫུན་མ་དང་ ཚད་ལྡན་མེད་མི་ཚུ་གི་ ཚོང་འབྲེལ་དང་ ཡིག་ཚང་ལོག་སྤྱོད་ བག་ཡེངས་དང་ ནང་གསུག་ཚུ་དང་འབྲེལ་བའི་ ཉེས་འཛུགས་ཀྱི་ གནད་དོན་དག་པ་ཅིག་ལུ་ ངོས་ལེན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: