
ཨེན་ཌི་ཊི་ཝི།
འདས་པའི་ལོ་ངོ་ བཅུ་ཕྲག་གི་རིང་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་ གནས་སྟངས་ལུ་བརྟེན་ཏེ་ རྒྱ་ནག་དང་ རྒྱ་གར་རྒྱལ་ཁབ་ ༢ ཀྱིས་གཙོས་པའི་ ཨེ་ཤི་ཡའི་ རྒྱལ་ཁམ་ཚུ་ནང་ ཆུར་བརྟེན་གློག་མེའི་ ཐོན་ཤུགས་དེ་ ལེ་ཤ་གིས་ མར་འབབ་སོང་སྟེ་ཡོདཔ་ལས་ མི་མང་ཤོས་ཅིག་ ས་སྣུམ་ལུ་ རེ་དགོཔ་ཐོན་ནུག།
དེ་ཡང་ རྒྱ་ནག་དང་ རྒྱ་གར་ལས་ཐོན་མི་ ཆུར་བརྟེན་གློག་མེ་དེ་ ཨེ་ཤི་ཡའི་ནང་ གློག་མེའི་ཐོན་ཤུགས་བསྡོམས་ལས་ བཞི་དཔྱ་ ༣ དེ་ཅིག་ཨིནམ་ད་ སླར་འབྱུང་ནུས་ཤུགས་ཀྱི་ སྤྱོད་ཚད་དེ་ ཉུང་སུ་ཅིག་ལས་ མེདཔ་ཨིན་པས།
འདས་པའི་ལོ་ཚུ་ནང་ ཨེ་ཤི་ཡའི་ དཔལ་འབྱོར་སྦོམ་ མང་ཤོས་ཅིག་ནང་ གློག་མེ་གིས་ མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་ད་ དེ་ཡང་ གནམ་གཤིས་གནས་སྟངས་ཀྱི་ འགྱུར་བ་དང་ དྲོད་ཤུགས་ དེ་ལས་ ཆར་ཆུ་ཉུང་པའི་ གནད་ལུ་བརྟེན་ཏེ་ཨིནམ་སྦེ་བཀོད་ནུག།
གློག་མེ་ལངམ་མེདཔ་ལས་ མི་ཚུ་གིས་ རྡོ་སོལ་བཟུམ་མའི་ ནུས་ཤུགས་ཚུ་ སྤྱོད་ནི་དེ་གིས་ བཙོག་རླུང་མར་ཕབ་ཀྱི་ བརྩོན་ཤུགས་ལུ་ཡང་ གནོད་སྐྱོན་བྱུངཡོདཔ་ད་ དུས་ཅི་ སྤྱི་ཟླ་ ༧ པ་ཚུན་ལུ་ ཨེ་ཤི་ཡའི་ གློག་མེ་བཏོན་ཚད་དེ་ བརྒྱ་ཆ་ ༡༧.༩ དེ་ཅིག་ མར་བབས་སོང་ཡོདཔ་ཨིན་པས།
དེ་སྦེ་ མར་འབབ་འགྱོ་མི་དེ་ཡང་ རྒྱ་ནག་ལུ་ གློག་མེ་བཏོན་ཚད་ བརྒྱ་ཆ་ ༡༥.༩ དེ་ཅིག་དང་ དེ་བཟུམ་སྦེ་ རྒྱ་གར་ལུ་ཡང་ དུས་ཡུན་དེ་ནང་ གློག་མེ་བཏོན་ཚད་དེ་ བརྒྱ་ཆ་ ༦.༢ དེ་ཅིག་ལུ་ མར་འབབ་སོང་ནུག།
དུས་ཅི་ སྤྱི་ཟླ་ ༨ པ་ཚུན་ལུ་ སླར་འབྱུང་ནུས་ཤུགས་ཀྱི་ དགོས་མཁོའི་ཚད་གཞི་དེ་ རྒྱ་ནག་ལུ་ བརྒྱ་ཆ་ ༢༢ དང་ རྒྱ་གར་ལུ་ བརྒྱ་ཆ་ ༡༨ དེ་ཅིག་ ཡར་སེང་སོང་ཡོདཔ་མ་ཚད་ ཝེཊ་ནཱམ་དང་ ཕི་ལི་པིན་ མ་ལེ་ཤི་ཡ་ རྒྱལ་ཁབ་ཚུ་གི་ནང་ཡང་ གློག་མེ་བཏོན་ཚད་ ལེ་ཤ་ཅིག་ར་ མར་འབབ་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1287
Users Yesterday : 1303
This Month : 66959
This Year : 295800
Total Users : 1007616
Views Today : 3122
Total views : 2929154
Who's Online : 12