
བི་བི་སི།
འབྲས་ལྗོངས་ལུ་ གློ་བུར་གྱི་ ཆུ་རུད་ཐོན་པའི་ རྐྱེན་ངན་ནང་ དྲག་པོའི་དམག་མི་ ༢༢ ཀྱིས་གཙོས་པའི་ མི་གྲངས་ ༡༠༢ གར་སོང་མེད་པར་ བརླག་སྟོར་ཤོར་ཡོདཔ་ལས་ རྒྱ་གར་གྱི་ དབང་འཛིན་ཚུ་གིས་ འཚོལ་ཞིབ་འབད་དོ་ཡོདཔ་ཨིན་པས།
དེ་ཡང་ འབྲས་ལྗོངས་མངའ་སྡེ་གཞུང་གིས་ མཚོ་ཅིག་གི་ ས་གོ་ནང་ ཆརཔ་ཤུགས་སྦེ་ རྐྱབ་པ་ལུ་བརྟེན་ཏེ་ མི་གྲངས་ ༡༤ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ཆུ་རུད་ཡང་སྦོམ་སྦེ་ར་ ཐོན་ཡོདཔ་ལས་ བལྟ་བཤལཔ་ ༣,༠༠༠ ལྷགཔ་ཅིག་ཡང་ ས་གནས་ཁག་མ་འདྲཝ་ཚུ་ནང་ ཐོགས་ལུས་ཡོདཔ་ད་ མངའ་སྡེ་མཐའ་དབུས་མེད་པར་ འཚོལ་ཞིབ་དང་ ཉེན་སྐྱོབ་འགོ་དཔོན་ཚུ་ བཏང་སྟེ་ཡོདཔ་སྦེ་བཤད་ནུག།
རྒྱ་གར་གྱི་བློན་ཆེན་ ན་རེན་དར་ མོ་དི་གིས་ སྤྱི་ཟླ་ ༡༠ པའི་ཚེས་ ༤ ལུ་ འབྲས་ལྗོངས་ཀྱི་ གཙོ་འཛིན་བློན་པོ་་པེ་རེམ་སིང་ཏ་མང་དང་ གསུང་གྲོས་གནངམ་ད་ རྒྱབ་སྐྱོར་ཚུ་ ག་དེ་དྲག་དྲག་ ངེས་པར་དུ་འབད་ནི་ཨིན་ཟེར་ གསུངས་ཡོདཔ་ཨིན་པས།
ཆུ་རུད་དེ་ སྤྱི་ཟླ་ ༡༠ པའི་ཚེས་ ༣ གྱི་ནུབ་མོར་ འབྲས་ལྗོངས་ཀྱི་ ལྷོ་ནག་མཚོ་ཟེར་མི་དེ་ ཆར་ཆུ་ལུ་བརྟེན་ཏེ་ ཉེན་ཁའི་མཐོ་ཚད་ལས་ བརྒལ་ནི་དེ་གིས་ ལ་ཆེན་ཆུ་གཞོང་ནང་ ཊིཛ་ཏ་གཙང་ཆུའི་ མཐོ་ཚད་དེ་ཡང་ ཚ་གྱང་ཅན་ཅིག་ལུ་ ཡར་འཕར་སོང་ནུག།
དེ་མ་ཚད་ ཉེ་འདབས་ཀྱི་ ཆུའི་བཀག་ར་ལས་ ཆུ་བཏོན་བཏང་མི་དེ་གིས་ཡང་ གཙང་ཆུའི་མཐོ་ཚད་ ཡར་སེང་སོང་ཡོད་མི་དེ་ཡང་ སྲུང་སྐྱོབ་དམག་སྡེའི་ མགྲིན་ཚབ་ཅིག་གིས་ གཙང་ཆུའི་མཐོ་ཚད་དེ་ ཕིཊ་ ༡༥ ལས་ ༢༠ གི་བར་ན་ ཧང་སྟོང་མར་ ཡར་སེང་སོང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433489
Views Today :
Total views : 5000
Who's Online :