པ་ཀིཛ་ཏཱན་ལུ་ཡོད་མི་ རྒྱལ་ཁབ་གཞན་གྱི་ མི་ཁུངས་ཚུ་ གཏོན་གཏང་ནི་ཨིནམ་ལས་ ཨཱཕ་གྷན་གྱི་ མི་ཁུངས་ཚུ་ལུ་ཚ་གྱང་།

བི་བི་སི།
ཧེ་མར་ ཡུ་ཀེ་དང་གཅིག་ཁར་ ལཱ་གཡོག་འབད་དེ་སྡོད་མི་ ཨཱཕ་གྷན་གྱི་ མི་ཁུངས་ཚུ་ ཏ་ལི་བཱན་གྱིས་ གཞུང་གསརཔ་བཙུགས་པའི་ གནས་སྐབས་ནང་ པ་ཀིཛ་ཏཱན་ལུ་ འབྱོག་སོང་སྟེ་ ཡུ་ཀེ་ལུ་ འགྱོ་ནིའི་དོན་ལས་ སྒུག་སྡོད་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ པ་ཀིཛ་ཏཱན་གྱིས་ ཁོང་གི་རྒྱལ་ཁབ་ནང་ཡོད་མི་ རྒྱལ་ཁབ་གཞན་གྱི་ མི་ཁུངས་ཚུ་ ཕྱིར་གཏོན་གཏང་ནི་གི་ ཁས་ལེན་འབད་དེ་ཡོདཔ་ལས་ པ་ཀིཛ་ཏཱན་ལུ་ཡོད་མི་ ཨཱཕ་གྷན་གྱི་ མི་ཁུངས་ཚུ་ འདྲོག་འབྱེལ་འཐབ་དགོཔ་བྱུང་ནུག།
དཔེ་འབད་བ་ཅིན་ བི་རི་ཊིཤ་ ཀ་འཱོན་སིལ་དང་གཅིག་ཁར་ ཨིང་ལིཤ་གི་ སློབ་དཔོན་སྦེ་སྡོད་མི་ མར་ཛི་ཡ་ཟེར་མི་དེ་ ཡུ་ཀེའི་དོན་ལས་ ལཱ་འབད་བ་ལུ་བརྟེན་ཏེ་ ཏ་ལི་བཱན་གྱི་འོག་ལུ་ ཚེ་སྲོག་གི་ཉེན་ཁ་ལུ་བརྟེན་ཏེ་ གཡིབ་སྡོད་པའི་ཤུལ་ལས་ པ་ཀིཛ་ཏཱན་ལུ་ འབྱོག་སོང་སྟེ་ ཡུ་ཀེ་ལུ་ འགྱོ་ནི་གི་ ཆོག་ཐམ་གྱི་དོན་ལས་ ཞུ་བ་འབད་དེ་ ཟླཝ་ ༨ དེ་ཅིག་ སོང་ཡོདཔ་ཨིན་པས།
མོ་བཟུམ་སྦེ་ གཞན་ཡང་ ཡུ་ཀེའི་དམག་མི་དང་གཅིག་ཁར་ སྐད་སྒྱུར་པ་སྦེ་ སྡོད་མི་དང་ ཡུ་ཀེའི་ལས་འགུལ་ཚུ་ནང་ ལཱ་འབད་མི་ཚུ་ག་ར་ པ་ཀིཛ་ཏཱན་ལུ་ འགྱོ་དགོ་མི་དེ་ ཡུ་ཀེ་གཞུང་གིས་ ཁོང་ལུ་ ཡུ་ཀེའི་ཆོག་ཐམ་ཚུ་ བྱིན་ནི་སྦེ་ སླབ་པ་ལུ་བརྟེན་ཏེ་ཨིན་ཟེར་བཤད་ནུག།
ཏ་ལི་བཱན་ གཞུང་གིས་འབད་བ་ཅིན་ ཨཱཕ་གྷན་གྱི་ ཧེ་མའི་དམག་མི་དང་ ཁག་འབགཔ་ དེ་ལས་ སྐད་སྒྱུརཔ་དང་ རྒྱལ་སྤྱིའི་དམག་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ ཉེས་ཁྲིམས་ལས་ དགོངས་ཡངས་ཡོད་ཟེར་ཨིན་པས།
ཨཱཕ་གྷན་གྱི་ མི་ཁུངས་ཚུ་ ཡུ་ཀེ་ལུ་ གཞིས་ཆགས་ནི་དང་འབྲེལ་བའི་ ཡུ་ཀེ་གཞུང་གི་ ལས་འཆར་ཁག་ ༢ ཀྱི་ནང་ ལཱ་འབད་མི་ཚུ་ སྤྱི་ཟླ་ ༩ པའི་ནང་ར་ ཨཱཕ་གྷན་གྱི་ མི་ཁུངས་ ༢,༧༣༠ དེ་ཅིག་ ཡུ་ཀེ་ལུ་ འགྱོ་ནི་སྦེ་ པ་ཀིཛ་ཏཱན་ལུ་ཡོད་ཟེར་ཨིན་པས།
དེ་ཡང་ ཨཱཕ་གྷ་ནིཛ་ཏཱན་ལུ་སྦེ་ར་ ཡུ་ཀེའི་འཛུལ་ཞུགས་ཆོག་ཐམ་ འགོ་འདྲེན་འཐབ་ས་མེདཔ་ལས་ ཆོག་ཐམ་གྱི་ བྱ་སྒོ་ཚུ་ མཇུག་བསྡུ་ཐབས་ལུ་ ཁོང་ཆ་ཁྱབ་ རྒྱལ་ཁབ་གཞན་ཁར་ སོང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: