
བི་བི་སི།
པེ་ལེཛ་ཊིན་གྱི་ ག་ཟ་ཁྲོམ་ཁར་ཡོད་མི་ སྨན་ཁང་ཅིག་ལུ་ རྫས་བམ་བསྐྱུར་ཡོདཔ་ལས་ མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་བའི་ རྐྱེན་ངན་ནང་ བྱུང་ཡོདཔ་ཨིན་པས།
ཨིན་རུང་ ཨིཛ་རེལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ པེ་ལིཛ་ཊིན་གྱི་ ཨིཛ་ལ་མིག་ ཆོས་ལུགས་འཛིན་མི་ ཇི་ཧཱཌ་སྡེ་ཚན་གྱིས་ མི་ཛ་ཡེལ་ཚུ་བཏངམ་ད་ མཐར་འཁྱོལ་མ་ཚུགས་པར་ སྨན་ཁང་ལུ་ ཕོག་ཡོདཔ་སྦེ་བཤད་ནུག།
སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ པེ་ལེཛ་ཊིན་གྱི་ དྲག་ཐོག་དབང་བཙོང་འབད་མི་ ཧ་མཱཛ་ཇི་ཧཱཌ་སྡེ་ཚན་གྱིས་ ཨིཛ་རེལ་ལུ་ སྔོན་ཆད་མ་བྱུང་པའི་ གནོད་འཚུབ་བཀལ་བའི་ དགྲ་ལན་ལུ་ ཨིཛ་རེལ་གྱིས་ མཁའ་དམག་གནམ་གྲུ་དང་ མི་ཛ་ཡེལ་ཚུ་གི་ཐོག་ལས་ ག་ཟ་ལུ་ གནོད་འཚུབ་བཀལ་བཞིན་དུ་ཡོདཔ་ལས་ མི་གྲངས་ ༣,༠༠༠ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།.
ད་རེས་ སྨན་ཁང་ལུ་ གནོད་འཚུབ་བཀལ་མི་དེ་གིས་ འགྲོ་བ་མིའི་དཀའ་སྡུག་ཚུ་ བསལ་ཐབས་འབད་ནི་གི་ བརྩོན་ཤུགས་ལུ་ ཐོ་ཕོག་སྟེ་ཡོདཔ་ལས་ སྤྱི་ཟླ་ ༡༠ པའི་ཚེས་ ༡༨ ལུ་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བའེ་ཌེན་དང་ རྒྱལ་པོ་ཨབ་དུ་ལ་ དེ་ལས་ པེ་ལིཛ་ཊིན་དང་ ཨི་ཇིབ་ཀྱི་ འགོ་ཁྲིདཔ་ཚུ་གི་བར་ན་ དབུ་ཁྲིད་ཞལ་འཛོམས་ཅིག་ འཚོགས་ནི་སྦེ་ཡོད་མི་དེ་ ཇོར་ཌཱན་གྱིས་ ཆ་མེད་བཏང་དགོཔ་ཐོན་ནུག།
ཨིན་རུང་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བའེ་ཌེན་དེ་ ཨིཛ་རེལ་གྱི་རྒྱལ་ས་ ཊེལ་ཨ་བིབ་ལུ་ བྱོན་ཡོདཔ་ད་ དེ་ཡང་ ཨིཛ་རེལ་ལུ་ རྒྱབ་སྐྱོར་ཡོད་པའི་ བརྡ་མཚོན་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1433489
Views Today :
Total views : 5000
Who's Online :