སྲིད་འཛིན་བགྲེས་པའི་ ཨ་ལོ་ཚུ་གིས་ ཁྲིམས་རྩོད་ནང་ བདེན་ཁུངས་བཀལ་ནི།

བི་བི་སི།
ཡུ་ཨེཛ་གི་ སྲིད་འཛིན་བགྲེསཔ་ ཊམ་གྱི་བུམོ་དང་ བུ་ ༢ ཀྱིས་ ཤུལ་མའི་བདུན་ཕྲག་ནང་ ཊམདང་ བུ་ ༢ ཀྱི་ ཚོང་འབྲེལ་གཡོ་ཟོལ་སྐོར་ལས་ ཁྲིམས་འདུན་ལུ་ བདེན་ཁུངས་བཀལ་ནི་ཨིན་པས།
དེ་ཡང་ ཧེ་མ་ བུ་ ༢ མ་གཏོགས་ བུམོ་དེ་ རྩོད་ཟླའི་གྲལ་ལས་ ཡངས་ཆག་བཏང་ཡོད་རུང་ ད་རེས་ རྩོད་དཔོན་ཡོངས་ཁྱབ་ ཡིག་ཚང་ནང་ལས་ སྲིད་འཛིན་བགྲེསཔ་དང་གཅིག་ཁར་ ཨ་ལོ་ ༣ གྱིས་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༦ ལས་ འགོ་བཟུང་སྟེ་ ཉིན་གྲངས་ ༣ དེ་ཅིག་གི་རིང་ལུ་ བདེན་ཁུངས་བཀལ་དགོ་པའི་ མཁོ་འདོད་བཀོད་ནུག།
སྲིད་འཛིན་བགྲེསཔ་ལུ་ ཡིག་ཆ་རྫུན་བཟོ་དང་ ཉེན་བཅོལ་གཡོ་ཟོལ་ དེ་ལས་ གསང་བྱའི་ཉེས་འཛུགས་ཚུ་ བཀལ་ཏེ་ཡོདཔ་ད་ བུམོ་ཨའི་བང་ཀའི་ཐེད་ཁར་ སྤྱི་ལོ་ ༢༠༡༧ ལས་ཚུར་ ཊམ་གྱི་ལས་ཚོགས་དང་ འབྲེལ་བ་མེདཔ་སྦེ་ བཤད་ཡོད་རུང་ དྲང་དཔོན་གིས་འབད་བ་ཅིན་ མོ་གིས་ ད་རེས་ཡང་ ཊམ་གྱི་ཚོང་ལཱ་ཚུ་ནང་ གྲལ་གཏོགས་འབད་དོ་ཟེར་ཨིན་པས།
སྲིད་འཛིན་བགྲེསཔ་གིས་ སྤྱི་ལོ་ ༢༠༢༤ ལུ་ སྲིད་འཛིན་བཙག་འཐུའི་ནང་ གྲལ་གཏོགས་འབད་ཡོདཔ་ད་ ཁོ་ལུ་ ཉེས་པ་འཁྲི་མི་ཚུ་ སྲི་འབྲེལ་གྱི་ ཉེས་འཛུགས་རྫུན་མ་ཨིནམ་སྦེ་ ཡ་མ་འབད་བར་ སྡོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: