
སྤྱི་ཟླ་ ༡༡ པའི་ཚེས་ ༦ ལུ་ ཐིམ་ཕུ་རྒྱལ་གཞུང་འབྲུག་གི་འགག་སྡེའི་འོག་ལུ་ཡོད་མི་ སྨྱོ་རྫས་དང་ གནོད་རྫས་སྡེ་ཚན་གྱིས་ ཐིམ་ཕུ་བར་པའི་ས་ལས་ སྐྱེས་ལོ་ ༣༧ འབད་མི་ ཕོ་སྐྱེས་གཅིག་ ཊ་མ་ཌཱོལ་ཟེར་མི་ སྨྱོ་རྫས་ནག་ཚོང་འཐབ་པའི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་ནུག།
སྡེ་ཚན་དེ་གིས་ མི་ངོམ་དེ་ལས་ ཊ་མ་ཌཱོལ་ (ཨེཛ་པི་+) སྨན་ཐུམ་ ༢༨༨ དང་ འབོར་ཆེ་བའི་ དངུལ་རྐྱང་ཚུ་ཡང་ འཛིན་བཟུང་འབད་ཡོདཔ་ད་ དངུལ་དེ་ བཀག་དམ་ཅན་གྱི་ གནོད་རྫས་ཚུ་ བཙོང་མི་ལས་ ཐོབ་ཡོད་པའི་ ཡིད་ཆེས་ཡོདཔ་ཨིན་པས།
རྒྱལ་གཞུང་འགག་སྡེའི་ སྡེ་ཚན་དེ་གིས་ ཞིབ་དཔྱད་མཐིལ་ཕྱིན་འབད་བའི་ཤུལ་ལུ་ སྐྱེས་ལོ་ ༢༩ འབད་མི་དང་ སྐྱེས་ལོ་ ༤༥ འབད་མི་ ཕོ་སྐྱེས་ ༢ ཡང་ བར་པའི་ས་ལུ་ སྨྱོ་རྫས་ནང་ཚོང་འཐབ་མི་ གཙོ་ཅན་སྦེ་ ངོས་འཛིན་ཐོག་ལས་ འཛིན་བཟུང་འབད་ནུག།
ཁོང་འབད་ས་ལས་ ཊ་མ་ཌཱོལ་ སྨན་ཐུམ་ ༡༠༡༥ དང་ དངུལ་རྐྱང་ཚུ་ ཐོབ་ཡོདཔ་ད་ ཁོང་ཆ་ཁྱབ་ ཧེ་མ་ཡང་ འཛིན་བཟུང་འབད་དེ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་ཕྱེ་འཕྲོ་ཨིན་རུང་ ཁོང་ཆ་ཁྱབ་ གནས་སྐབས་ཅིག་ གློད་གྲོལ་ཐོག་ལུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་ ༡༠ པའི་ཚེས་ ༨ ལུ་ཡང་ སྨྱོ་རྫས་དང་ གནོད་རྫས་སྡེ་ཚན་གྱིས་ སྲ་ཆས་ཚོང་ཁང་གི་ཇོ་བདག་ སྐྱེས་ལོ་ ༣༠ འབད་མི་ཅིག་ རྒྱ་གཞུང་སྐུ་ཚབ་ཡིག་ཚང་གི་ཉེ་འདབས་ ཧད་འཇོ་ལས་ སྨྱོ་རྫས་ནག་ཚོང་གི་ ཉེས་འཛུགས་ཐོག་ལུ་ འཛིན་བཟུང་འབད་ནུག།
ཞིབ་དཔྱད་སྐབས་ལུ་ ཁོ་གིས་ སྣུམ་འཁོར་ནང་ སྦ་བཞག་མི་ ཊ་མ་ཌཱོལ་ སྨན་ཐུམ་ ༡,༠༣༩ འབད་མི་ཅིག་ ཐོབ་ཡོད་པའི་གནས་ཚུལ།






Users Today : 65
Users Yesterday : 1453
This Month : 65
This Year : 296031
Total Users : 1007847
Views Today : 124
Total views : 2929727
Who's Online : 10