རྒྱ་གར་ཨུ་ཏར་ཁཱན་ལུ་ ས་དོང་འཁོར་ལམ་ རྡིབ་ཡར་སོངཔ་ལས་ མི་གྲངས་ ༤༠ དེ་ཅིག་ ས་དོང་ནང་ལུས་ཡོདཔ།

སི་ཨེན་ཨེན།
རྒྱ་གར་གྱི་མངའ་སྡེ་ ཨུ་ཏར་ཁཱན་གྱི་ བྱང་ཕྱོགས་ལུ་ ས་དོང་འཁོར་ལམ་ བཟོ་བསྐྲུན་འབད་བའི་བསྒང་ཡོད་མི་དེ་ རྡིབ་ཡར་སོངཔ་ལས་ མི་གྲངས་ ༤༠ དེ་ཅིག་ ས་དོང་ནང་ ལུས་ཏེ་ཡོདཔ་ད་ ཁོང་གི་གྲས་ལས་ ལ་ལོ་ཅིག་ ནདཔ་ཐོན་པ་ལུ་བརྟེན་ཏེ་ སྲོག་སྐྱབས་ཀྱི་ལཱ་ཚུ་ ག་ནི་བ་ཡང་ གལ་གནད་ཆེ་དྲགས་ཅིག་ལུ་ འགྱུར་ཏེ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༡༡ པའི་ཚེས་ ༡༢ ལུ་ ས་དོང་ནང་ ལཱ་འབད་བའི་བར་ན་ རྡིབ་ཡར་སོངཔ་ད་ སྲོག་སྐྱབས་འབད་ཐབས་སྒྲིག་མི་ རྒྱ་གར་གྱི་ འགོ་དཔོན་ཚུ་གིས་ བརྩོན་ཤུགས་སྦོམ་ བསྐྱེད་དེ་འབད་རུང་ ས་དོང་ནང་གི་མི་ཚུ་ ཕྱི་ཁར་བཏོན་མ་ཚུགས་པའི་ གནད་ལུ་བརྟེན་ཏེ་ རྒྱལ་སྤྱི་ལས་ གྲོགས་རམ་འཚོལ་བའི་ནང་ལས་ཡང་ སྤྱི་ལོ་ ༢༠༡༨ ལུ་ མཚོ་འགྲམ་གྱི་ བྱག་ཕུག་ཅིག་གི་ནང་ལས་ རྐང་རྩེདཔ་སྡེ་ཚན་ཅིག་ སྲོག་སྐྱབས་འབད་མི་ མཐའ་ཡས་སྡེ་ཚན་ལས་ གྲོས་རམ་འཚོལཝ་ཨིན་པས།
རྐྱེན་ངན་དེ་བྱུང་སྟེ་ ཉིན་གྲངས་ ༤ གི་རྒྱབ་ལས་ འགོ་དཔོན་ཚུ་གིས་ རྒྱལ་ས་ནིའུ་དིལླི་ལས་ ནུས་སྟོབས་ཅན་གྱི་ ས་དོང་སྤེད་འཕྲུལ་ཅིག་ གནམ་གྲུའི་ནང་སྦེ་བསྐྱལ་ཏེ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༦ ལས་ སྲོག་སྐྱབས་ཀྱི་ ལཱ་འབད་ནི་ཚུ་ འགོ་བཙུགས་ནུག།
འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་དོང་ནང་ལུས་མི་ཚུ་ ཕྱི་ཁར་གཏོན་ཐབས་ལུ་ ཐབས་ཤེས་མ་འདྲཝ་ཚུ་ འཚོལ་ཞིབ་འབདཝ་མ་ཚད་ སྲོག་སྐྱབས་ཀྱི་ལཱ་ནང་ ཉམས་མྱོང་ཡོད་མི་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་པའི་བསྒང་ཡོད་ཟེར་ཨིན་པས།
ཨུ་ཏར་ཁཱན་མངའ་སྡེའི་ བརྡ་དོན་འགོ་དཔོན་ ཀིར་ཏི་པཱན་ཝར་གྱིས་ ནོར་ཝེ་དང་ མཐའ་ཡས་ལེན་གྱི་ དམིགས་བསལ་མཁས་མཆོག་སྡེ་ཚན་ཚུ་ལས་ཡང་ གྲོགས་རམ་ཚུ་ ལེན་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: