འབྲུག་གི་ལམ་སྲོལ་སྡེ་ཚན་གྱིས་ རྒྱལ་སྤྱི་སྙན་ཆའི་ དུས་སྟོན་ནང་གྲལ་གཏོགས།

རྒྱལ་གཞུང་ཟློས་གར་སློབ་སྦྱོང་སྤེལ་ཁང་ལས་ འཐུས་མི་ ༡༩ འབད༌མི་ ལམ་སྲོལ་སྡེ་ཚན་ཅིག་གིས་ སུ༌ཡིཊ་ཛར་ལེན་ལུ་ སྤྱི་ཟླ་ ༡༡ པའི་ཚེས་ ༡༡ ལས་ ༡༩ ཚུན་ འགོ་འདྲེན་འཐབ་མི་ རྒྱལ་སྤྱི་སྙན་ཆའི་ དུས་སྟོན་ནང་ གྲལ་གཏོགས་འབད་ནུག།

དེ་ཡང༌ ཡར་འཕེལ་ལམ་ལུགས་མ་འདྲ་བའི་ སྙན་ཆའི་འབྱུང་ཁུངས་ཚུ་དང་འབྲེལ་བའི་ ཁྱད་ཆོས་ཅན་གྱི་ དུས་སྟོན་ཅིག་ཨིནམ༌ད༌དུས༌སྟོན༌དེ༌ནང༌ རྒྱལ་ཁབ༌༦གིས་ བཅའ་མར་གཏོགས་ཏེ༌ སྙན་ཆའི་འབྱུང་ཁུངས་ཚུ་ མི་མང་གིས་ ཧ་གོ་ཐབས༌ལུ་ གླུ་གར་གྱི་ལྟདམོ་དང་ སྙན༌ཆའི༌སློབ་སྟོན་ དེ་ལས་ སྒུལ་བརྙན་ཚུ་ཡང་ སྟོན་ཡོདཔ་ཨིན་པས། 

རྒྱལ་གཞུང་ཟློ་གར་སྦྱོང་བརྡར་སྤེལ་ཁང་གི་ ཟློས་གར་མཁན་ཚུ་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༡༨ ལུ་ གཞས་དང་ པདྨའི་ཚེ་དབང་བཀྲིས་ཀྱི་གསུང་གཞས་དང་འདྲ་བའི་ ལས་རིམ་ཚུ་གི་ནང་ལས་ གཙོ་བོ་ར༌ དགྲ་མེད་རྩེ་རྔ་འཆམ་གྱི་ལྟདམོ་སྟོན་ནུག།

དགྲ་མེད་རྩེ་རྔ་འཆམ་དེ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཤེས་རིག་ཚན་རིག་དང་ལམ་སྲོལ་གྱི༌ འགྲོ་བ་མིའི་ དངོས་མེད་ལམ་སྲོལ་གྱི་གྲངས་སུ་ ཐོ་བཀོད་གྲུབ་སྟེ་ཡོདཔ་ད་ འབྲུག་ལུ་ཡང་ ཆོས་དོན་གྱི་འབྲེལ་བ་ དམ་ཟབ་ཡོད་པའི་ སྐུ་འཆམ་ཅིག་ཨིན༌པས།

རྒྱལ་སྤྱི་སྙན་ཆའི་ དུས་སྟོན་ནང་ འབྲུག་གི་ལམ་སྲོལ་སྡེ་ཚན་གྱིས་ གྲལ་གཏོགས་འབད་མི་ལུ་བརྟེན་ཏེ་ འབྲུག་གི་ཁྱད་ཆོས་ཅན་གྱི་ ལམ་སྲོལ་བཟང་པོ་ལུ་ ཕྱི་མི་ཚུ་གི་ དང་འདོད་ཡར་འཕེལ་ཐོག་ལས་ འབྲུག་གི་བལྟ་བཤལ་ལུ་ ཁེ་ཕན་འབྱུང་ནི་གི་ རེ་བ་ཡོདཔ་ཨིན་པས།

འབྲུག་གི་ལམ་སྲོལ་སྡེ་ཚན་གྱིས་ རྒྱལ་སྤྱི་སྙན་ཆའི་ དུས་སྟོན་ནང་ གྲལ་གཏོགས་དེ་ཡང་ རྒྱལ་སྤྱི་སྙན་ཆ༌ དུས་སྟོན་ཚོགས་པའི་ཁ་ཐུག་ལས་ རྒྱབ་སྐྱོར་འབད༌དེ༌ཇི་ནི་ཝ༌ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ནང་ འབྲུག་གི་གཏན་འཇགས་སྐུ་ཚབ་ཡིག་ཚང་གིས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།

Please follow and like us: