
རོའི་ཊརཛ།
བྱང་ཀོ་རི་ཡ་གིས་ སྤྱི་ལོ་ ༢༠༡༨ ལོར་ པི་ཡོང་ཡང་ལུ་ མིང་རྟགས་བཀོད་དེ་ཡོད་མི་ ཡོངས་རྫོགས་ཅན་གྱི་ དྲག་པོའི་ཆིངས་ཡིག་ལུ་ མ་གནས་པར་ གསང་ཞིབ་འཕྲུལ་སྐར་ཅིག་ གནམ་ཁར་བཏང་ཡོདཔ་ལས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༢ ལུ་ ལྷོ་ཀོ་རི་ཡ་གིས་ཡང་ ཆིངས་ཡིག་དེ་ལུ་ ཆ་གནས་མཚམས་འཇོག་འབད་ནུག།
མ་གཞི་ ལྷོ་ཀོ་རི་ཡའི་སྲིད་འཛིན་ ཡུན་སུག་ཡོལ་དེ་ བི་རི་ཊེན་ལུ་ གཟིགས་སྐོར་གནང་པར་ བྱོན་ཏེ་ཡོད་རུང་ ཁོ་གིས་ ཡོངས་འབྲེལ་ཐོག་ལས་ རྒྱལ་ཡོངས་སྲུང་སྐྱོབ་ལྷན་ཚོགས་ཀྱི་ ཞལ་འཛོམས་ཅིག་ འཚོགས་གནང་སྟེ་ ཆིངས་ཡིག་གི་ ཆ་ཤས་ཅིག་ལུ་ ངོས་ལེན་མཚམས་འཇོག་འབད་ནི་གི་ གནང་བ་གྲོལ་ཡོདཔ་ ཨིན་པས།
ཨིན་རུང་ ལ་ལོ་གཅིག་གིས་འབད་བ་ཅིན་ ཆིངས་ཡིག་དེ་ལུ་བརྟེན་ཏེ་ ལྷོ་ཀོ་རི་ཡ་གིས་ བྱང་ཀོ་རི་ཡའི་ ལཱ་བྱ་ཚུ་ བལྟ་རྟོག་འབད་ནི་གི་ ལྕོགས་གྲུབ་ཉམས་འགྱོ་དོ་ཡོདཔ་མ་ཚད་ བྱང་ཀོ་རི་ཡ་གིས་ རྩ་ལས་ར་ ཆ་གནས་འབད་མ་བཏུབ་ལས་ ཆིངས་ཡིག་དེ་ ཆ་མེད་གཏང་དགོཔ་སྦེ་ ནན་སྐུལ་འབད་ནུག།.
བྱང་ཀོ་རི་ཡ་ལུ་ གསང་ཞིབ་འཕྲུལ་སྐར་ གནམ་ཁར་མ་བཏང་ཟེར་ ཡུ་ཨེཛ་གིས་ ཉེན་བརྡ་འབད་རུང་ བྱང་ཀོ་རི་ཡ་གིས་ ངོས་ལེན་མ་འབད་བར་ གསང་ཞིབ་འཕྲུལ་སྐར་དེ་ མཐར་འཁྱོལ་ཅན་སྦེ་ གནམ་ཁར་བཏང་ཚུགས་ཅི་ཟེར་ བཤདཔ་ཨིན་པས།
བྱང་ཀོ་རི་ཡ་གིས་ ཁོང་གི་གསང་ཞིབ་འཕྲུལ་སྐར་དང་པ་དེ་ སྤྱི་ཟླ་ ༡༡ པའི་ཚེས་ ༢༡ ལུ་ གནམ་ཁར་བཏང་ཡོདཔ་མ་ཚད་ མ་འོངས་པ་ལུ་ཡང་ དེ་བཟུམ་མའི་ འཕྲུལ་སྐར་མང་སུ་སྦེ་ གནམ་ཁར་གཏང་ནི་ཨིནམ་སྦེ་ཡང་ གསལ་བཤད་འབད་ནུག།
བྱང་ཀོ་རི་ཡ་གིས་ འཕྲུལ་སྐར་གནམ་ཁར་བཏང་སར་ དང་པ་ར་ ལྷོ་ཀོ་རི་ཡ་དང་ རྒྱ་པཱན་གྱིས་ མཐོང་ཡོདཔ་ད་ ཡུ་ཨེཛ་དམག་སྡེ་གིས་ བྱང་ཀོ་རི་ཡའི་ ཁ་ཐུག་ལས་ འཕྲུལ་སྐར་གནམ་ཁར་གཏང་ནི་དེ་ མཐར་འཁྱོལ་ངེས་ཏིག་ བྱུང་ཡོད་མེད་ཀྱི་སྐོར་ལས་ དབྱེ་ཞིབ་འབད་བའི་བསྒང་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1433980
Views Today :
Total views : 5000
Who's Online :