
རོའི་ཊརཛ།
ནེ་པཱལ་གྱི་ མི་སྡེའི་མཐུན་འབྲེལ་ལུ་ གནོད་པ་བྱུངམ་ལས་ ནེ་པཱལ་གཞུང་གིས་ སྤྱི་ཟླ་ ༡༡ པའི་ཚེས་ ༢༣ ལུ་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་ཟེར་མི་ ལག་ལེན་འཐབ་ནི་ བཀག་དམ་འབད་ནུག།
ནེ་པཱལ་ལུ་ ཊིག་ཊོག་གསར་བཏོད་འབད་མི་ མཱན་ཇི་ཏ་ མ་ནཱན་དར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཡོངས་བསྒྲགས་ཅན་གྱི་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་ལག་ལེན་ བཀག་དམ་འབད་མི་དེ་ རྣམ་རྟོག་ལང་པའི་ གཞི་ཅིག་ལུ་ གྱུར་སོང་ཡི་ཟེར་ཨིན་པས།
མ་གཞི་ བཟའ་ཁང་ཚུ་དང་ ངོ་རྟགས་ཅན་གྱི་ ཅ་ཆས་ཚུ་གི་སྐོར་ལས་ ཊིག་ཊོག་བརྒྱུད་དེ་ ཁྱབ་སྤེལ་ཐོག་ལས་ ཟླ་རིམ་ཌོ་ལར་ ༡,༥༠༠ དེ་རེ་ ཁེ་སང་བཟོཝ་ ཨིན་རུང་ ཊིག་ཊོག་བཀག་དམ་ལུ་བརྟེན་ཏེ་ འབབ་ཁུངས་ཕྱེད་ཀ་དེ་ཅིག་ར་ མར་འབབ་སོང་ཡི་ཟེར་ཨིན་པས།
རྒྱ་གར་ལུ་ སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༦ པའི་ནང་ལས་ མི་སྡེ་བརྡ་བརྒྱུད་ ཊིག་ཊོག་དེ་ རྒྱལ་ཡོངས་ཀྱི་ ཉེན་སྲུང་དང་ དྲང་བདེན་ལུ་ གནོད་ནི་གི་ ཉེན་ཁ་ཡོདཔ་སྦེ་ བཀག་དམ་འབད་ཡོད་རུང་ ནེ་པཱལ་ལུ་ མི་སེར་ལེ་ཤ་ཅིག་གི་ བསམ་བརྗོད་ཀྱི་ ཐོབ་དབང་དང་ འཚོ་བའི་ཐོན་ཁུངས་ལུ་ གནོད་སྐྱོན་བྱུང་ཡོདཔ་སྦེ་ཨིན་པས།
དེ་འབདཝ་ལས་ ཀཋ་མཱན་ཌུ་ལུ་ མི་སེར་ལེ་ཤ་ཅིག་གིས་ བཀག་དམ་ཆ་མེད་གཏང་དགོཔ་སྦེ་ ངོ་རྒོལ་འགྲེམ་སྟོན་ཚུ་འབད་ཡོདཔ་མ་ཚད་ མངོན་མཐོ་ཁྲིམས་འདུན་ལུ་ཡང་ བཤེར་ཡིག་ཚུ་ ཕུལ་ཡོདཔ་ལས་ མངོན་མཐོའི་ཁྲིམས་འདུན་གྱིས་ གཞུང་གི་ཁ་ཐུག་ལས་ རྒྱབ་ཁུངས་ཚུ་ སྤྱི་ཟླ་ ༡༢ པའི་ཚེས་ ༥ ལུ་ ཕུལ་དགོཔ་སྦེ་ བཀའ་གནང་ནུག་ཟེར་ ཨིན་པས།
ས་གནས་ཀྱི་ བརྡ་བརྒྱུད་ཚུ་དང་འཁྲིལ་བ་ཅིན་ འདས་པའི་ལོ་ངོ་ ༤ གི་ནང་ ནེ་པཱལ་ལུ་ ཊིག་ཊོག་དེ་གིས་ ཡོངས་འབྲེལ་ ༡,༦༠༠ ལྷགཔ་ཅིག་ལུ་ གནོད་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1418
Users Yesterday : 2073
This Month : 3491
This Year : 183394
Total Users : 895210
Views Today : 3008
Total views : 2629832
Who's Online : 6