ར་ཤི་ཡའི་ སྲིད་འཛིན་པུ་ཊིན་གྱིས་ སྲིད་འཛིན་བཙག་འཐུའི་ནང་ དོ་འགྲན་འབད་ནི།

སི་ཨེན་ཨེན།
སྐྱེས་ལོ་ ༧༡ འབད་མི་ ར་ཤི་ཡའི་སྲིད་འཛིན་ ཝེལ་ཌི་མིར་ པུ་ཊིན་གྱིས་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡༧ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྲིད་འཛིན་བཙུག་འཐུའི་ནང་ དོ་འགྲན་འབད་ནི་ཨིན་པས།
དེ་བསྒང་ བཙག་འཐུ་འགྲུབ་པ་ཅིན་ སྤྱི་ལོ་ ༢༠༣༠ ཚུན་ སྲིད་འཛིན་འབད་ནི་དང་ དེ་ཡང་ ལན་ཐེངས་ ༥ པ་ཨིནམ་ད་ བཙག་འཐུ་དེ་ནང་ ར་ཤི་ཡ་གིས་ བཙན་དབང་འབད་དེ་ཡོད་མི་ ཡུ་ཀེ་རེན་གྱི་ས་གནས་ ཌོ་ནེཊཛ་དང་ ལུ་ཧཱནཛ་ ཟ་པོ་རི་ཞི་ཡ་ ཁེར་སཱོན་ཚུ་གི་ མི་སེར་ཚུ་གིས་ཡང་ འགོ་དང་པ་ ཚོགས་རྒྱན་བཙུགས་ནི་ཨིན་པས།
ར་ཤི་ཡའི་ བཙག་འཐུ་ལྷན་ཚོགས་ལས་ བཤད་དོ་བཟུམ་འབད་བ་ཅིན་ ས་གནས་དེ་ཚུའི་ནང་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡༥ ལས་ ༡༧ ཚུན་འབདཝ་ད་ ཉིན་གྲངས་ ༣ གྱི་རིང་ལུ་ སྡོད་ཁྱིམ་རེ་རེ་བཞིན་གྱི་ སྒོ་ཁར་སོང་སྟེ་ ཚོགས་རྒྱན་བཙུགས་བཅུག་ནི་ཨིན་པས།
ཧེ་མ་འབད་བ་ཅིན་ ས་གནས་དེ་ཚུའི་ནང་ ར་ཤི་ཡའི་ རྒྱབ་སྐྱོར་ཐོག་ལས་ ས་གནས་ཀྱི་ འགོ་དཔོན་ཚུ་གིས་ ཚོགས་རྒྱན་བཙུགས་ནི་ འགོ་འདྲེན་འཐབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: