
སི་ཨེན་ཨེན།
སྤྱི་ཟླ་ ༡༢ པའི་ཚེས་ ༡༢ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ ས་གནས་ག་ཟ་ལུ་ འགྲོ་བ་མིའི་གནས་སྟངས་ལུ་ གཞི་རྟེན་ཐོག་ལས་ ཕྱད་མདའ་དེ་ དེ་འཕྲལ་ལས་ མཚམས་འཇོག་འབད་དགོ་པའི་ ཚོགས་རྒྱུན་བསྐྱུར་ནུག།
དེ་སྦེ་ ཚོགས་རྒྱན་བསྐྱུརཝ་ད་ ས་གནས་ག་ཟ་ལུ་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ རྒྱབ་སྐྱོར་ལུ་ མང་མོས་ཀྱི་ ཚོགས་རྒྱན་ ༡༥༣ ཐོབ་ཡོདཔ་ད་ མིན་དགོ་ཟེར་མི་ ཚོགས་རྒྱན་ ༡༠ དང་ ཚོགས་རྒྱན་མ་བསྐྱུར་མི་ འཐུས་མི་ ༢༣ ཐོན་ནུག།
འཛམ་གླིང་སྤྱི་ཚོགས་ཀྱི་ ཡོངས་ཁྱབ་ཞལ་འཛོམས་ནང་ ཚོགས་རྒྱན་ཚུ་ སྲིད་འབྲེལ་གྱི་ གནད་དོན་ཅིག་ཨིན་རུང་ སྲུང་སྐྱོབ་ཚོགས་སྡེ་ལུ་ དབང་ཆ་མེདཔ་ཨིན་པས།
ཧེ་མའི་བདུན་ཕྲག་ནང་ སྲུང་སྐྱོབ་ཚོགས་སྡེའི་ནང་ ག་ཟ་ལུ་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ ཚོགས་རྒྱན་བསྐྱུརཝ་ད་ འཐུས་མི་ ༡༥ འབད་ས་ལས་ མང་མོས་ཀྱི་ ཚོགས་རྒྱན་ཐོབ་ཡོད་རུང་ ཡུ་ཨེཛ་གིས་ ཐག་རང་བཅད་ཐོག་ལས་ ལག་ལེན་འཐབ་སྟེ་ བཀག་ཆ་འབད་ནུག།
དེ་བཟུམ་མའི་ ཚོགས་རྒྱན་ཐོབ་མི་དེ་ འཛམ་གླིང་སྤྱི་ཚོགས་ནང་ པེ་ལིཛ་ཊིན་གྱི་གཞུང་ཚབ་ རི་ཡཱད་མཱན་སུར་གྱིས་ འབྱུང་རབས་ཅན་གྱི་ གནད་དོན་ཅིག་ཨིན་ཟེར་ བཤདཔ་མ་ཚད་ ཡོངས་ཁྱབ་ཞལ་འཛོམས་ཀྱི་ གྲོས་ཆོད་དེ་གིས་ ཕྱད་མདའ་མཚམས་འཇོག་འབད་ནི་ལུ་ ནན་བསྐུལ་མིན་པར་ དགོས་མཁོ་ཡང་ བཀོདཔ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ཨིན་རུང་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ ཧ་མཱཛ་སྡེ་ཚན་དེ་ རྩ་མེད་གཏང་མ་ཚུགས་ཚུན་ ཕྱག་མདའ་དེ་ མཚམས་འཇོག་མི་འབད་ཟེར་ བཤད་དོ་ཡོདཔ་ད་ ས་གནས་ག་ཟ་དེ་ ཧ་མཱཛ་སྡེ་ཚན་གྱི་ དབང་ཆ་འོག་ལུ་ཡོདཔ་སྦེ་བཀོད་ནུག།
སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཧ་མཱཛ་སྡེ་ཚན་གྱིས་ ཨིཛ་རེལ་ལུ་ གནོད་འཚུབ་བཀལ་མིའི་ནང་ མི་གྲངས་ ༡,༢༠༠ དམར་བསད་དང་ མི་གྲངས་ ༢༤༠ དེ་ཅིག་ བཙན་བཟུང་འབད་དེ་ ཁྱིད་ཡོད་མིའི་གྲས་ལས་ ལ་ལོ་ཅིག་ ལོག་བཏང་ཡོད་རུང་ ད་རུང་ཡང་ ཨིཛ་རེལ་གྱི་ མི་སེར་ ༡༠༠ ལྷགཔ་ཅིག་ ག་ཟ་ལུ་ ཧ་མཱཛ་སྡེ་ཚན་གྱི་ བཙན་བཟུང་ཐོག་ལུ་ར་ཡོདཔ་ཨིན་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1392160
Views Today :
Total views : 5000
Who's Online :