
བི་བི་སི།
ཏཱ་ཡེ་ཝཱན་ལུ་ སྲིད་འཛིན་བཙག་འཐུའི་དོན་ལས་ གྲ་སྒྲིག་འབད་བའི་ གནས་སྐབས་ནང་ ད་རེས་ གཞུང་སྐྱོང་མི་ ཏཱ་ཡེ་ཝཱན་གྱི་ ཌེ་མོ་ཀེ་རེ་ཊིག་ སྲིད་དོན་ཚོགས་པ་ལུ་ རྒྱབ་སྐྱོར་མེདཔ་ བཟོ་ཐབས་ལུ་ རྒྱ་ནག་གིས་ ཨེབ་ཤུགས་འབདཝ་ཨིན་པས།
དེ་ཡང་ ཏཱ་ཡེ་ཝཱན་གྱི་སྲིད་འཛིན་ ཙ་ཡེ་ཨིང་ཝེན་གྱིས་ ལོ་ངོ་ ༨ ཀྱི་རིང་ སྲིད་འཛིན་གྱི་ གོ་གནས་འཆང་པའི་ཤུལ་ལུ་ དགོངསམ་ཞུ་སྟེ་ སྲིད་འཛིན་གསར་པའི་ བཙག་འཐུ་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༡ པའི་ཚེས་ ༡༣ ལུ་ འགོ་འདྲེན་འཐབ་ནི་སྦེ་ཡོདཔ་ཨིན་པས།
ད་རེས་ རྒྱ་ནག་གིས་ ཁོང་གི་དམག་མི་ཚུ་ ཏཱ་ཡེ་ཝཱན་གྱི་ མཚོ་གླིང་མཇུག་ ཕི་ལི་པིནཛ་ཁ་ཐུག་ལུ་ ལྷོད་དེ་ཡོདཔ་ད་ ཏཱ་ཡེ་ཝཱན་དེ་ རྒྱ་ནག་ལས་ སོ་སོར་ཕྱེ་མ་རུང་པའི་ ས་ཆ་ཨིནམ་སྦེ་ སྐད་རྐྱབ་དོ་ཡོད་པ་མ་ཚད་ ཏཱ་ཡེ་ཝཱན་གྱི་ ཁྲིམས་མཐུན་གཞུང་དེ་ཡང་ རྒྱ་ནག་གཞུང་ཨིནམ་སྦེ་ བཤད་དོ་ཡོདཔ་ཨིན་པས།
རྒྱ་ནག་གི་ དམག་མི་ཚུ་གིས་ ཧམ་འཛུལ་འབད་མ་འབད་ བལྟ་རྟོག་འབད་མི་ ཁས་བླངས་དམག་མི་ སུ་ཀེང་ཇུ་གིས་འབད་བ་ཅིན་ དེ་བཟུམ་མའི་ འཇིགས་བསྐུལ་དེ་ ཉིན་བསྟར་བཞིན་དུ་ གོཝ་མས་ཟེར་ཨིན་པས།
འདས་པའི་ལོ་ངོ་ཚུ་ནང་ རྒྱ་ནག་དང་ ཏཱ་ཡེ་ཝཱན་རྒྱལ་ཁབ་ ༢ ཀྱི་བར་ན་ཡོད་མི་ རྒྱ་མཚོའི་མཐུན་ཡུར་ མེལ་ ༡༡༠ འབད་མིའི་ནང་ རྒྱལ་ཁབ་ག་གིས་ཡང་ འཛུལ་ནི་མེད་པའི་ ཁས་ལེན་་ཡོད་རུང་ ད་རེས་ རྒྱ་ནག་གིས་ རྒྱ་མཚོའི་ནང་ལས་དང་ མཁའ་དབྱིངས་ཐོག་ལས་ ཉིན་བསྟར་བཞིན་དུ་ མཐུད་ཡུར་དེ་ནང་ འཛུལ་དོ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 1692
Users Yesterday : 3971
This Month : 120005
This Year : 415971
Total Users : 1127787
Views Today : 7957
Total views : 3128559
Who's Online : 17