
རོའི་ཊརཛ།
ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ས་གནས་ག་ཟའི་ ལྷོ་དབུས་ཕྱོགས་ལུ་ སྡོད་གནས་མེད་པར་ མི་སེར་ཁྲི་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་དེ་ཡོད་སར་ གནོད་འཚུབ་བཀལ་ནུག།
དེ་ཡང་ སྤྱི་ཟླ་ ༡༢ པའི་ཚེས་ ༢༩ གི་ཕྱི་རོ་ ཁཱན་ཡུ་ནིཛ་ཁྲོམ་ཁར་ ཨིཛ་རེལ་གྱིས་ མཁའ་ཐོག་ལས་ གནོད་འཚུབ་བཀལ་མིའི་ནང་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༨ ལུ་ ཤི་རྐྱེན་བྱུང་པའི་ཁར་ མ་གྷ་ཛི་ སྡོད་སྒར་ས་ཁོངས་ནང་ཡང་ མི་ཛ་ཡེལ་ ༡ སྡོད་ཁྱིམ་གུ་ཕོགཔ་ལས་ མི་གྲངས་ ༣ ལུ་ ཤི་རྐྱེན་དང་ ༦ ལུ་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
ག་ཟ་གསོ་བའི་ལྷན་ཁག་ལས་ མགྲིན་ཚབ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱི་ ཁ་ཐུག་ལས་ ས་གནས་ར་ཕ་ལུ་ གནོད་འཚུབ་བཀལ་མིའི་ནང་ པེ་ལིཛ་ཊིན་གྱི་ མི་ཁུངས་ ༢༠ ལུ་ ཤི་རྐྱེན་དང་ ༥༥ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
ཕྱད་མདའ་དེ་དང་འབྲེལ་ཏེ་ འཛམ་གླིང་ཤར་དབུས་ལུ་ཡང་ ཟིང་འཁྲུག་ཚུ་ ལང་དོ་ཡོདཔ་ད་ ཨི་རཱན་གྱིས་ ཧ་མཱཛ་ལུ་ རྒྱབ་སྐྱོར་འབད་མི་ ཧའུ་ཐི་ངོ་རྒོལ་སྡེ་ཚན་གྱིས་ རེཌ་སཱི་རྒྱ་མཚོའི་ནང་ གྲུ་ཟིང་ཚུ་ལུ་ གནོདཔ་བཀལ་ནུག།
དེ་ཚེ་ ཧའུ་ཐི་ངོ་རྒོལ་སྡེ་ཚན་གྱིས་ རེཌ་སཱི་རྒྱ་མཚོའི་ལྷོ་ཕྱོགས་ལུ་ ཕྱད་མདའི་གནམ་གྲུ་ཆུང་བ་ཌཱོན་དང་ མི་ཛ་ཡེལ་ཚུ་ བཏང་པའི་སྐབས་ལུ་ ཡུ་ཨེཛ་དམག་མི་ཚུ་གིས་ གོ་མཚོན་དེ་ཚུ་ ཕབ་བཏང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 2893
Users Yesterday : 3971
This Month : 121206
This Year : 417172
Total Users : 1128988
Views Today : 9464
Total views : 3130066
Who's Online : 12