
སི་ཨེན་ཨེན།
ཡུ་ཨེཛ་གི་ མངའ་སྡེ་མེ་ཡིན་གྱི་ བཙག་འཐུ་གཙོ་འཛིན་གྱིས་ སྤྱི་ལོ་ ༢༠༢༤ ལུ་ འགོ་ཐོག་བཙག་འཐུའི་ནང་ སྲིད་འཛིན་བགྲེསཔ་ཊཱམ་གྱིས་ གྲལ་གཏོགས་འབད་མ་ཆོགཔ་སྦེ་ བཟོ་ཡོདཔ་ཨིན་པས།
མེ་ཡིན་མངའ་སྡེའི་དྲུང་ཆེན་ ཤེ་ན་བེ་ལཱཛ་གིས་ གྲོས་ཆོད་དེ་གི་སྐོར་ལས་ ཊཱམ་གྱིས་ མངའ་སྡེའི་ཁྲིམས་ཁང་ནང་ མཐོ་གཏུགས་འབད་འོང་མནོ་སྟེ་ བསྣར་འགྱངས་ཐོག་ལུ་ བཞག་ཡོདཔ་བཞིན་དུ་ ཊཱམ་གྱི་སྡེ་ཚན་གྱིས་ཡང་ མཐོ་གཏུགས་འབད་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་འདི་ནང་ ཀོ་ལོ་རེ་ཌོ་མངའ་སྡེའི་ མངོན་མཐོ་ཁྲིམས་འདུན་ལས་ཡང་ ཊཱམ་གྱིས་ མངའ་སྡེ་དེ་ནང་གི་ བཙག་འཐུའི་ནང་ གྲལ་གཏོགས་འབད་མ་ཆོག་པའི་ འཁྲུན་ཆོད་བཏོན་ནུག།
ད་རེས་ མངའ་སྡེ་ ༢ ཀྱི་ བཙག་འཐུའི་ནང་ ཊཱམ་གྱིས་ གྲལ་གཏོགས་འབད་མ་ཆོགཔ་སྦེ་ བཟོ་མི་དེ་གིས་ ཊཱམ་ལུ་ རྒྱབ་འགལ་འབད་མི་ཚུ་ ངལ་རངས་ཏེ་ཡོད་རུང་ མཁས་མཆོག་མང་ཤོས་ཅིག་གིས་ མཐར་ཐུག་ལུ་ གནད་དོན་དེ་ ཡུ་ཨེཛ་གི་ མངོན་མཐོ་ཁྲིམས་འདུན་ལས་ མཐའ་གཏོགས་དགོ་ཟེར་ཨིན་པས།
ཊཱམ་གྱི་ བཙག་འཐུ་སྡེ་ཚན་གྱི་ མགྲིན་ཚབ་ཅིག་གིས་ མེ་ཡིན་མངའ་སྡེའི་དྲུང་ཆེན་ བེ་ལཱཛ་གིས་ སྲིད་འཛིན་བཙག་འཐུའི་ནང་ ལགཔ་རྐྱབ་ནི་དེ་ མ་རུངམ་ཅིག་ཨིན་ཟེར་བཤད་ནུག།
མགྲིན་ཚབ་དེ་གིས་ ཌེ་མེ་ཀེ་རེཊ་ སྲིད་ཚོགས་ཀྱི་ ཁོངས་གཏོགས་འབད་མི་ མངའ་སྡེ་ཚུ་གིས་ རྩ་ཁྲིམས་དང་མ་འཁྲིལ་བར་ ཨ་མི་རི་ཀའི་ མི་ཁུངས་ཀྱི་ ཚོགས་རྒྱན་གྱི་ ཐོབ་དབང་ཚུ་ བཀག་ཆ་འབད་དེ་ བཙག་འཐུའི་གྲས་ལས་ སྲིད་འཛིན་ཊཱམ་གྱི་མིང་ ཕྱིར་བཏོན་འབདཝ་སྦེ་ བཤདཔ་ཨིན་མས་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 3100
Users Yesterday : 3971
This Month : 121413
This Year : 417379
Total Users : 1129195
Views Today : 9758
Total views : 3130360
Who's Online : 15