
སྤྱི་ཟླ་ ༡ པའི་ཚེས་ ༩ ལུ་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་ནང་ལས་ མི་སེར་དམངས་གཙོའི་ཚོགས་པ་གིས་ མཐར་འཁྱོལ་གྲུབ་ཡོདཔ་བཞིན་དུ་ གཞུང་ལན་ཐེངས་ ༢ སྐྱོང་ནི་གི་ གོ་སྐབས་ཐོབ་མི་འདི་ ད་ཚུན་གྱིི་བར་ན་ དམངས་གཙོའི་རིང་ལུགས་ནང་ འགོ་དང་པ་ཨིན་པས།
དེ་ཡང་ མི་སེར་དམངས་གཙོའི་ཚོགས་པ་དང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ ༢ ཀྱི་བར་ན་ དོ་འགྲན་འབད་བའི་སྐབས་ལུ་ མི་སེར་དམངས་གཙོའི་ཚོགས་པ་གིས་ འདེམས་ཁོངས་ ༣༠ ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ འདེམས་ཁོངས་ ༡༧ ལས་ རྒྱལ་ཁ་ཐོབ་ནུག།
ད་རེས་ཀྱི་ བཙག་འཐུའི་ནང་ལས་ མི་སེར་དམངས་གཙོའི་ཚོགས་པ་གིས་ རྒྱལ་ཁ་ཐོབ་མི་ འདེམས་ཁོངས་ཚུ་ཡང་ བུམ་ཐང་རྫོང་ཁག་ལས་ འདེམས་ཁོངས་ ༢ དང་ ཆུ་ཁ་རྫོང་ཁག་ལས་ ༢ དར་དཀར་ནང་ རྫོང་ཁག་ལས་ ༢ མགར་ས་རྫོང་ཁག་ལས་ ༢ ཧཱ་རྫོང་ཁག་ལས་ ༢ སྤུ་ན་ཁ་ རྫོང་ཁག་ལས་ ༢ སྤ་རོ་རྫོང་ཁག་ལས་ ༢ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་ལས་ ༡ བསམ་རྩེ་རྫོང་ཁག་ལས་ ༤ གསར་སྤང་རྫོང་ཁག་ལས་ ༢ རྩི་རང་རྫོང་ཁག་ལས་ ༢ ཐི ིམ་ཕུ་རྫོང་ཁག་ལས་ ༢ ཀྲོང་གསར་རྫོང་ཁག་ལས་ ༡ དབང་འདུས་ཕོ་བྲང་ རྫོང་ཁག་ལས་ ༢ གཞལམ་སྒང་རྫོང་ཁག་ལས་ ༢ ཐོབ་ཡོདཔ་ཨིན་པས།
དེ་ལས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་གིས་ ལྷུན་རྩེ་རྫོང་ཁག་ལས་ འདེམས་ཁོངས་ ༢ དང་ མོང་སྒར་རྫོང་ཁག་ལས་ ༣ པདྨ་དགའ་ཚལ་ རྫོང་ཁག་ལས་ ༣ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་ལས་ ༡ བཀྲིས་སྒང་ རྫོང་ཁག་ལས་ ༥ བཀྲིས་གཡང་རྩེ་ རྫོང་ཁག་ལས་ ༢ ཀྲོང་གསར་རྫོང་ཁག་ལས་ ༡ ཐོབ་ནུག།
ཚོགས་རྒྱན་གྱིི་ཐེད་ཁར་ རྒྱལ་ཁབ་ནང་ འོས་འབབ་ཅན་གྱིི་ ཚོགས་རྒྱན་བཙུགས་མི་ མི་གྲངས་ཡོངས་བསྡོམས་ ༤༩༨,༡༣༥ ལས་ མི་གྲངས་ ༣༢༧,༤༥༡ གིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་གུ་ཕབ་པ་ཅིན་ བརྒྱ་ཆ་ ༦༥.༨༨ ཨིནམ་ད་ དེ་ཡང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་ ༢༡༧,༨༡༠ དང་ འགྲེམ་ཐོག་ཚོགས་རྒྱན་ ༡༠༨,༩༢༠ ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོའི་ཚོགས་པ་གིས་ འདེམས་ཁོངས་ ༣༠ འབདཝ་ད་ ཚོགས་རྒྱན་བརྒྱ་ཆ་ ༦༣.༨ དང་ བྷུ་ཊན་རྟེན་འབྲེལ་ཚོགས་པ་གིས་ འདེམས་ཁོངས་ ༡༧ འབདཝ་ད་ ཚོགས་རྒྱན་བརྒྱ་ཆ་ ༣༦ ཐོབ་ནུག།
སྤྱི་ལོ་ ༢༠༠༨ ལུ་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་ འགོ་དང་པ་ གཞི་བཙུགས་གནང་པའི་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པ་གིས་ གཞུང་སྐྱོང་གི་ གོ་སྐབས་ཐོབ་ཡོདཔ་ད་ སྤྱི་ལོ་ ༢༠༡༣ ལུ་ མི་སེར་དམངས་གཙོའི་ཚོགས་པ་དང་ སྤྱི་ལོ་ ༢༠༡༨ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ གཞུང་སྐྱོང་པའི་ཤུལ་ལས་ ད་རེས་ ལོག་སྟེ་ར་ མི་སེར་དམངས་གཙོའི་ཚོགས་པ་གིས་ གཞུང་སྐྱོང་ནི་གི་ གོ་སྐབས་ཐོབ་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1391620
Views Today :
Total views : 5000
Who's Online :