
སྥྱིི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུའི་ནང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་དང་ མི་སེར་དམངས་གཙོ་ཚོགས་པ་ལས་ ཨམ་སྲུ་ ༣ རེ་འབདཝ་ད་ ཨམ་སྲུ་ ༦ གིས་ བཅའ་མར་གཏོགས་ཏེ་ དོ་འགྲན་འབད་ཡོད་རུང་ ཨམ་སྲུ་ ༢ མ་གཏོགས་ བཙག་འཐུ་མ་གྲུབ་མི་ལུ་བརྟེན་ཏེ་ མ་འོངས་པར་ ཨམ་སྲུ་ཚུ་གིས་ སྲིད་དོན་ཚོགས་པ་ཚུ་ནང་ འཛུལ་ཞུགས་འབད་ནི་ལུ་ སེམས་ཤུགས་མར་ཕབ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ཨིན་པས།
དེ་ཡང་ མོང་སྒར་རྫོང་ཁག་ སྐྱེངས་མཁར་-ཝེ་རིང་ལའི་ འདེམས་ཁོངས་ལས་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་འདེམས་ངོ་ རྡོ་རྗེ་དབང་མོ་དང་ བསམ་རྩེ་རྫོང་ཁག་ ཨྱོན་རྩེ་-འོད་གསལ་རྩེ་ འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ཌིམ་པཱལ་ཐ་པ་ ༢ བཙག་འཐུ་གྲུབ་ནུག།
སྤྱིར་བཏང་བཙག་འཐུའི་ནང་ བྷུ་ཊཱན་རྟེན་འབྲེལ་ཚོགས་པ་ལས་ ཨམ་སྲུ་ ༣ གྱིིས་ དོ་འགྲན་འབད་མི་ཚུ་ཡང་ བུམ་ཐང་རྫོང་ཁག་ ཆུ་སྨད་-ཨུ་ར་ འདེམས་ཁོངས་ལས་ བདེ་ཆེན་ལྷ་སྒྲོན་དང་ མགར་ས་རྫོང་ཁག་ ཁ་སྟོད་-ལ་ཡ་ འདེམས་ཁོངས་ལས་ ཨྱོན་ཆོས་སྒྲོན་ མོང་སྒར་རྫོང་ཁག་ སྐྱེངས་མཁར་-ཝེ་རིང་ལའི་ འདེམས་ཁོངས་ལས་ རྡོ་རྗེ་དབང་མོ་ཚུ་ཨིན་པས།
དེ་བཟུམ་སྦེ་ མི་སེར་དམངས་གཙོའི་ཚོགས་པ་ལས་ པདྨ་དགའ་ཚལ་རྫོང་ཁག་ མཁར་-གཡུ་རུང་ འདེམས་ཁོངས་ལས་ ལེགས་ལྡན་བཟང་མོ་དང་ བསམ་རྩེ་རྫོང་ཁག་ ཨྱོན་རྩེ་-འོད་གསལ་རྩེ་ འདེམས་ཁོངས་ལས་ ཌིམ་པཱལ་ཐ་པ་ བཀྲིས་སྒང་རྫོང་ཁག་ ཁྲིམས་ཤིང་-རྐང་པ་ར་ འདེམས་ཁོངས་ལས་ དྲགོས་རྡོ་རྗེ་ཆོས་སྒྲོན་ཚུ་གིས་ དོ་འགྲན་འབད་ནུག།
ག་དེ་སྦེ་ཨིན་རུང་ སྤྱི་ཚོགས་བཞི་པའི་ནང་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་ ༣ བརྩིས་ཏེ་ འཐུས་མི་ཨམ་སྲུ་བསྡོམས་ ༥ ལས་ མེདཔ་ཨིན་པའི་གནས་ཚུལ།




Users Today : 1460
Users Yesterday : 3927
This Month : 131063
This Year : 427029
Total Users : 1138845
Views Today : 1660
Total views : 3146595
Who's Online : 12