
སྤྱི་ཟླ་ ༢ པའི་ཚེས་ ༢ ལུ་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ འབྲུག་གི་སློབ་གྲྭའི་ཆོས་རྒྱུགས་དང་ བརྟག་ཞིབ་ཚོགས་སྡེ་གིས་ སྤྱི་ལོ་ ༢༠༢༣ ལོའི་ སློབ་རིམ་ ༡༠ པ་དང་ སློབ་རིམ་ ༦ པའི་ གཞུང་གི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཡི།
དེ་ཡང་ སློབ་རིམ་ ༡༠ པའི་ གཞུང་གི་ཆོས་རྒྱུགས་ནང་ སྤུ་ན་ཁ་ ཨྱོན་རིག་པའི་འབྱུང་གནས་ སློབ་གྲྭའི་ནང་ལས་ གཡུ་སྒྲོན་ལྷ་སྐྱིད་འཚོ་མོ་གིས་ སྐུགས་ཚད་བརྒྱ་ཆ་ ༩༤ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ཐིམ་ཕུ་ལུང་བསྟན་ཟམ་པ་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ སྣང་གསལ་ཆོས་སྐྱིད་ཀྱིས་ སྐུགས་ཚན་བརྒྱ་ཆ་ ༩༣.༤ ཐོབ་སྟེ་ ཨང་ ༢ པ་དང་ ཐིམ་ཕུ་བློ་གསལ་གླིང་ འབྲིང་རིམ་སློབ་གྲྭ་བར་མའི་སློབ་ཕྲུག་ སངས་རྒྱས་སྒྲོལ་མ་གིས་ བརྒྱ་ཆ་ ༩༣.༢ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
དེ་བཟུམ་སྦེ་ སློབ་རིབ་ ༡༠ པའི་ སྐད་ཡིག་དང་ ལམ་སྲོལ་དབྱེ་ཁག་ནང་ ཀྲོང་གསར་སྟག་རྩེ་སློབ་གྲྭ་ལྟེ་བ་ལས་ བཀྲིས་ལྷ་མོ་གིས་ སྐུགས་ཚད་བརྒྱ་ཆ་ ༨༩.༤ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ ད་རུང་ སློབ་གྲྭ་དེ་ནང་ལས་ར་ ཉི་མ་རྡོ་རྗེ་གིས་ བརྒྱ་ཆ་ ༨༥.༦ ཐོབ་སྟེ་ ཨང་ ༢ པ་དང་ བསོད་ནམས་གུང་ལོན་ཌོ་ཡ་གིས་ བརྒྱ་ཆ་ ༨༥.༢ ཐོབ་སྟེ་ ཨང་ ༣ པ་ ཐོན་ཡོདཔ་ཨིན་པས།
སློབ་རིམ་ ༡༠ པའི་ནང་ གཞུང་གི་སློབ་གྲྭ་ ༡༣༡ དང་ སྒེར་གྱི་སློབ་གྲྭ་ ༡༡ འབདཝ་ད་ སློབ་གྲྭ་བསྡོམས་ ༡༤༢ ལས་ སློབ་ཕྲུག་ཡོངས་བསྡོམས་ ༡༠,༥༡༩ གིས་ ཆོས་རྒྱུགས་ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༧,༧༦༡ གིས་ མཐར་འཁྱོལ་ཡོད་རུང་ སློབ་ཕྲུག་ ༢,༧༥༨ ཀྱིས་ མཐར་འཁྱོལ་མ་ཚུགསཔ་ཨིན་པས།
དེ་ལས་ སློབ་རིམ་ ༦ པའི་ གཞུང་གི་ཆོས་རྒྱུགས་ནང་ གཞལམ་སྒང་སློབ་གྲྭ་ཆུང་བ་ལས་ སྣང་གསལ་བསྟན་འཛིན་ལྷ་སྒྲོན་གྱིས་ སྐུགས་ཚད་བརྒྱ་ཆ་ ༩༨.༣༤ ཐོབ་སྟེ་ ཨང་དང་པ་ ཐོན་ཡོདཔ་ད་ སྤ་རོ་ལམ་གོང་ འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ འཆི་མེད་སྒྲོལ་མ་གིས་ བརྒྱ་ཆ་ ༩༦.༧༥ ཐོབ་སྟེ་ ཨང་ ༢ པ་དང་ དགེ་ལེགས་ཕུག་ འབྲིང་རིམ་སློབ་གྲྭ་འོག་མའི་སློབ་ཕྲུག་ རྟ་མགྲིན་དབང་མོ་རྡོ་རྗེ་གིས་ བརྒྱ་ཆ་ ༩༦.༦༥ ཐོབ་སྟེ་ ཨང་ ༣ པ་ཐོན་ནུག།
སློབ་རིམ་ ༦ པའི་ནང་ སློབ་ཕྲུག་ ༡༠,༩༠༦ གིས་ གཞུང་གི་ཆོས་རྒྱུགས་ ཕུལ་མིའི་གྲས་ལས་ སློབ་ཕྲུག་ ༧,༨༩༦ གིས་ མཐར་འཁྱོལ་ཡོདཔ་ད་ སློབ་ཕྲུག་ ༣,༠༡༠ གྱིས་ མཐར་འཁྱོལ་མ་ཚུགསཔ་ཨིན་པའི་གནས་ཚུལ།





Users Today : 1578
Users Yesterday : 3263
This Month : 15236
This Year : 452229
Total Users : 1164045
Views Today : 4808
Total views : 3187032
Who's Online : 15