
བི་བི་སི།
རྒྱ་པཱན་གྱི་ དཔལ་འབྱོར་དེ་ ལོ་ངོ་བཞི་དཔྱ་ ༢ ཀྱི་ནང་ འཕྲོ་འཐུད་དེ་ར་ མར་ཉམས་སོང་ཡོཔ་ལས་ ད་རེས་ དཔལ་འབྱོར་གྱི་ དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༢༣ གྱི་ མཐའ་མཇུག་ཟླཝ་ གྱི་ནང་ རྒྱ་པཱན་གྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ བརྒྱ་ཆ་ ༠.༤ གིས་ མར་བབས་སོང་ཡོདཔ་ད་ དེ་གི་ཧེ་མའི་ཟླཝ་ ༣ ནང་ བརྒྱ་ཆ་ ༣.༣ དེ་ཅིག་ མར་ཉམས་སོང་ནུག།
རྒྱ་པཱན་གྱི་ ལྷན་རྒྱས་གཞུང་ཚོགས་ ཡིག་ཚང་གི་ རྩིས་བཀོད་ཚུ་དང་འཁྲིལཝ་ད་ ཁོང་གི་དཔལ་འབྱོར་གྱི་ དྲག་རིམ་དེ་ འཛམ་གླིང་ནང་ ཨང་གསུམ་པ་སྦེ་ གནས་ཡོད་རུང་ ད་རེས་འབདཝ་ད་ ཨང་གསུམ་པ་དེ་ ཇར་མ་ནི་ འཐོན་ནི་བཟུམ་ཅིག་ཡོད་པའི་ བརྡ་སྟོན་མས་ཟེར་ཨིན་པས།
ཨིན་རུང་ དཔལ་འབྱོར་མཁས་མཆོག་ཚུ་གིས་ འདས་པའི་ལོ་ངོ་བཞི་དཔྱ་མཐའ་མཇུག་ནང་ རྒྱ་པཱན་གྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་ བརྒྱ་ཆ་ ༡ ལྷགཔ་ཅིག་ ཡར་སེང་འགྱོ་ནི་གི་ རེ་འདུན་ཡོདཔ་ལས་ ད་རེས་ཀྱི་ རྩིས་བཀོད་དེ་ བསྐྱར་བཟོ་འབད་རུང་ནི་མས་ཟེར་བཀོད་ནུག།
འཕྲལ་ཁམས་ཀྱི་ རྩིས་བཀོད་ཚུ་དང་འཁྲིལཝ་ད་ སྤྱི་ལོ་ ༢༠༢༣ ལུ་ རྒྱ་པཱན་གྱི་ དཔལ་འབྱོར་དེ་ ཌོ་ལར་ཁྲག་ཁྲི་ཆེན་པོ་ ༤.༢ དང་ ཇར་མཱན་གྱི་ དཔཤལ་འབྱོར་དེ་ ཌོ་ལར་ཁྲག་ཁྲི་ཆེན་པོ་ ༤.༤ གུ་ གནས་ནི་བཟུམ་ཅིག་འདུག་ཟེར་ བཤདཔ་ཨིན་པས།
དེ་ཡང་ རྒྱ་པཱན་གྱི་དངུལ་དེ་ བརྗེ་སོར་ཚོང་ལམ་ནང་ ཉམས་ཡོད་མི་ལུ་བརྟེན་ཏེ་ཨིནམ་ད་ གལ་སྲིད་ རྒྱ་པཱན་གྱི་ ཡེན་གྱི་ཤུགས་ཚད་ ཡར་སེང་འགྱོ་བ་ཅིན་ དཔལ་འབྱོར་དྲག་རིམ་ ཨང་གསུམ་པ་དེ་ ཁོང་གིས་ར་ བདག་བཟུང་འབད་ཚུགསཔ་འོང་ཟེར་བཀོད་ནུག།
རྒྱ་པཱན་གྱི་ དངུལ་ཁང་ལྟེ་བ་ལས་ སྐྱིན་འགྲུལ་གྱི་ ཟད་འགྲོ་ཡར་སེང་འབད་ནི་སྦེ་ཡོད་མི་དེ་ ད་རེས་ཀྱི་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ གནས་སྡུད་ལུ་བརྟེན་ཏེ་ ཕར་ཕུད་འབད་དགོཔ་ འཐོན་ནི་བཟུམ་ཅིག་ཡོདཔ་ཨིན་པས།
སྤྱི་ལོ་ ༢༠༡༦ ལུ་ རྒྱ་པཱན་གྱིས་ ཟད་འགྲོ་དང་ མ་རྩ་གཞི་བཙུགས་ཚུ་ ཡར་སེང་འབད་ཐབས་ལུ་ སྐྱེད་ཚད་ཀླད་ཀོར་འོག་རྒྱུ་ ངོ་སྤྲོད་འབད་ཡོད་རུང་ ཡེན་གྱི་གནས་གོང་ མར་ཉམས་སོང་ཡོདཔ་ལས་ རྒྱལ་སྤྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་གི་ དང་འདོད་ལུ་ ཐོ་ཕོག་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1395186
Views Today :
Total views : 5000
Who's Online :