
རྗེ་མཁན་ཁྲི་རབས་ ༧༠ པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ དབུ་བཞུགས་ཐོག་ལས་ ལྷུན་རྩེ་རྫོང་ཁག་ ཨའུ་མཚོ་རྣམ་གྲོལ་གླིང་ དགོན་འཛིན་གྲྭ་ཚང་གི་ སྐུ་གསུམ་འདུ་ཁང་ཕོ་བྲང་ནང་སྦེ་ བླ་སློབ་དང་ དགེ་སློང་ཞལ་གྲངས་ ༢༠༠ ལྷགཔ་ཅིག་གིས་ འཕགས་པ་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ཀྱི་ སྒྲུབ་མཆོད་གནངམ་ཨིན་པས།
དེ་ཡང་ རང་ཟླ་ ༡ པའི་ཚེས་ ༤ སྤྱི་ཟླ་ ༢ པའི་ཚེས་ ༡༢ ལུ་ བུམ་བཀྲ་ཤིས་སྟ་གོན་ནམ་ དཀྱིལ་འཁོར་བརྒྱན་བཀོད་ མཛད་གནང་ཡོདཔ་ད་ དངོས་གཞི་དེ་ རང་ཟླ་ ༡ པའི་ཚེས་ ༥ ལས་ འགོ་བཙུགས་ཡོདཔ་བཞིན་དུ་ ཉིན་ཞག་ ༧ གྱི་རིང་ལུ་ གནང་དོ་ཡོདཔ་ཨིན་པས།
སྒྲུབ་མཆོད་དེ་ རང་ཟླ་ ༡ པའི་ཚེས་ ༡༢ སྤྱི་ཟླ་ ༢ པའི་ཚེས་ ༢༡ ལུ་ སྤྱི་ནོར་དམ་པ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ འཁྲུངས་སྐར་དུས་ཆེན་དང་བསྟུན་ཏེ་ དངོས་གྲུབ་བླངས་ཆོག་དང་ མི་དམངས་ལུ་ སྤྱན་རས་གཟིགས་ཀྱི་ མཐོང་གྲོལ་ཆེན་མོ་ མཇལ་ཁ་གནང་ཐོག་ལས་ འགྲོལ་གནང་ནི་ཨིན་པས།
དེ་བཟུམ་སྦེ་ རང་ཟླ་ ༡ པའི་ཚེས་ ༡༣ སྤྱི་ཟླ་ ༢ པའི་ཚེས་ ༢༢ ལས་ ཉིན་གྲངས་ ༣ གྱི་རིང་ལུ་ ཚེ་ཆོག་ཚོགས་འབུམ་དང་བཅསཔ་སྦེ་ གནང་ནི་གི་ ལས་རིམ་ཡང་ཡོདཔ་ད་ སྒྲུབ་མཆོད་དེ་ཡང་ བསྟན་པའི་སྦྱིན་བདག་ ཀརྨ་རྒྱལ་མཚན་དང་ ནང་མི་བཟའ་ཚང་ཚུ་གིས་ གཏན་རྩའི་མ་དངུལ་ གཞི་བཙུགས་ཐོག་ལས་ སྤྱིར་འཛམ་གླིང་རྒྱལ་ཡོངས་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ སྐུ་རིམ་ལུ་དམིགས་ཏེ་ ལོ་བསྟར་བཞིན་དུ་ གནངམ་ཨིན་པའི་གནས་ཚུལ།




Users Today : 3108
Users Yesterday : 3468
This Month : 23749
This Year : 460743
Total Users : 1172559
Views Today : 8703
Total views : 3203154
Who's Online : 15