
བི་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༤ ལས་ ཨིཛ་རེལ་དང་ ག་ཟའི་བར་ན་ དམག་འཛིང་མཚམས་འཇོག་འབད་བའི་ རེ་བ་ཡོད་ཟེར་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱ་ཡེ་ཌེན་གྱིས་ གསུངས་ཡོདཔ་ད་ དེ་ཡང་ རྒྱལ་ཡོངས་སྲུང་སྐྱོབ་གྲོས་དཔོན་གྱིས་ དམག་འཁྲུག་དེ་ མཚམས་འཇོག་འབད་ཚུགསཔ་སྦེ་ བཤད་ཅི་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་ ༡༠ པའི་ཚེས་ ༧ ལུ་ ཀྲོབ་མདའ་འབག་མི་ ཧཱ་མཱཛ་ཚུ་གིས་ ལྷོ་ཕྱོགས་ཨིཛ་རེལ་ལུ་ མི་གྲངས་ ༡,༢༠༠ དེ་ཅིག་ དམར་བསད་འབད་བའི་ཤུལ་ལས་ ཨིཛ་རེལ་གྱིས་ ག་ཟ་ལུ་ མཁའ་དམག་དང་ ས་དམག་གི་སྒོ་ལས་ དམག་འཁྲུག་སྦོམ་སྦེ་ར་ལངས་ནི་ འགོ་བཙུགས་ནུག།
ཧཱ་མཱཛ་གཞུང་གི་ གསོ་བའི་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ད་ཚུན་གྱི་བར་ན་ མི་གྲངས་ ༢༩,༨༧༨ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༧༠,༢༡༥ དེ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ཡི་ཟེར་ཨིན་པས།
དམག་འཛིང་མཚམས་འཇོག་གི་དོན་ལས་ ཨི་ཇིབ་དང་ ཨིཛ་རེལ་ ཡུ་ཨེཛ་ ཀ་ཊར་ཚུ་གི་བར་ན་ གསུང་གྲོས་གནང་པའི་ཤུལ་ལུ་ ཨིཛ་རེལ་གྱི་ ཁ་ཐུག་ལས་ ནིའུ་ཡོག་ཁྲོམ་སྡེའི་ གནས་ཚུལ་བསྡུ་བཀོདཔ་ཚུ་ལུ་ དམག་འཛིང་མཚམས་འཇོག་འབད་ནི་གི་ འོས་འབབ་ཡོད་པའི་སྐོར་ལས་ གསལ་བཤད་འབད་ནུག།
ག་ཟའི་དམག་འཛིང་ དེ་སྦེ་ མཚམས་འཇོག་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་མི་དེ་ཡང་ བདུན་ཕྲག་ཧེ་མའི་ནང་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་གིས་ གྲོས་ཆོད་བཏོན་མི་དང་འཁྲིལ་ཏེ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1390625
Views Today :
Total views : 5000
Who's Online :