
ཨེ་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༢ ལུ་ ཡུ་ཀེ་རེན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ལྷོ་ཕྱོགས་ཡུ་ཀེ་རེན་གྱི་ཁྲོམ་སྡེ་ ཨོ་ཌི་ས་ཟེར་སར་ སྡོད་ཁྱིམ་ས་ཁོངས་ནང་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ཟེར་མི་བཏངམ་ལས་ ཟླཝ་ ༣ འབད་མི་ ཨ་ལོ་བརྩིས་ཏེ་ མི་གྲངས་ ༤ ལུ་ ཤི་རྐྱེན་དང་ གཞན་མི་ ༨ ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
ཨིན་རུང་ ར་ཤི་ཡ་གིས་ ཨོ་ཌི་སའི་ ལུང་ཕྱོགས་ནང་ གནོད་འཚུབ་བཀལ་བར་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ ༨ བཏང་མིའི་གྲས་ལས་ ཌཱོན་ ༧ ཡུ་ཀེ་རེན་ དམག་སྡེ་གིས་ ཕབ་བཏང་ནུག།
དེ་མ་ཚད་ ཡུ་ཀེ་རེན་གྱི་ རྒྱལ་ཁབ་མཐའ་དབུས་ག་རའི་ནང་ ར་ཤི་ཡ་གིས་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ ༡༧ བཏང་མིའི་གྲས་ལས་ཡང་ ཌོན་ ༡༤ ཡུ་ཀེ་རེན་ མཁའ་དམག་སྲུང་སྐྱོབ་ཀྱིས་ ཕབ་བཏང་ཡི་ཟེར་ ཨོ་ཌི་ས་ ལུང་ཕྱོགས་གཞུང་གིས་ བཤད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཡུ་ཀེ་རེན་གྱི་ ཁར་ཀིབ་ལུང་ཕྱོགས་ནང་ཡང་ གཞིས་ཆགས་ ༢༠ དེ་ཅིག་ལུ་ ར་ཤི་ཡ་གིས་ གོ་མཚོན་སྟོབས་ཚུ་གི་ཐོག་ལས་ གནོད་འཚུབ་བཀལ་ཡོདཔ་མ་ཚད་ ཌཱོན་གྱི་ཐོག་ལས་ཡང་ གནོད་འཚུབ་བཀལ་ཏེ་ སྒྲིང་ཁྱིམ་ལེ་ཤ་ཅིག་ཡང་ མེདཔ་བཏང་པའི་གུ་ སྐྱེས་ལོ་ ༥༣ འབད་མི་ ཕོ་སྐྱེས་ཅིག་ཡང་ དམར་བསད་འབད་ནུག།
དེ་ལས་ སི་ཊིད་པེ་ཊར་བཱག་ཟེར་སར་ཡང་ ར་ཤི་ཡའི་ མཁའ་དམག་གནམ་གྲུ་ཆུང་བ་ ཌཱོན་ ༡ གིས་ ཁང་ཚན་ཡོད་མི་ སྒྲིང་ཁྱིམ་ཚུ་ མེདཔ་བཏང་པའི་ཁར་ རྫས་བམ་ཡང་ གས་བཅུག་ཡོདཔ་ལས་ མི་གྲངས་ ༦ ལུ་ སྨ་སྐྱོན་བྱུང་སྟེ་ སྨན་བཅོས་འབད་དགོཔ་ བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 2604
Users Yesterday : 3574
This Month : 12999
This Year : 449992
Total Users : 1161808
Views Today : 3216
Total views : 3181327
Who's Online : 15