
རོའི་ཊརཛ།
སྐྱེས་ལོ་ ༥༢ འབད་མི་ ཨམ་ནི་ཀི་ཧེ་ལི་གིས་ ཡུ་ཨེཛ་གི་ རི་པབ་ལི་ཀཱན་ སྲིད་ཚོགས་ནང་ལས་ ཌོ་ནཱལ་ཊཱམ་དང་གཅིག་ཁར་ སྲིད་འཛིན་བཙག་འཐུའི་ དོ་འགྲན་ནང་ལས་ ཕྱིར་ཐོན་འབད་ནི་དེ་གིས་ དུས་ཅི་ སྤྱི་ཟླ་ ༡༡ པའི་ནང་ཡང་ ཧེ་མའི་བཙག་འཐུ་བཟུམ་སྦེ་ར་ རེ་པཱབ་ལི་ཀཱན་ སྲིད་ཚོགས་ལས་ ཌོ་ནཱལ་ཊཱམ་དང་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ནང་ལས་ ཇཱོ་བཱ་ཡེ་ཌེན་ ༢ ཀྱི་བར་ན་ དོ་འགྲན་འབད་ནི་ཨིན་པས།
ཨམ་ཧེ་ལི་དེ་ ལྷོ་ཀེ་རོ་ལི་ན་ཁྲོམ་སྡེའི་ ཁྲོམ་དཔོན་བགྲེསཔ་ཨིནམ་ད་ མོ་གིས་ སྲིད་འཛིན་ཊཱམགྱི་སྐབས་ལུ་ འཛམ་གླིང་སྤྱི་ཚོགས་ནང་ ཡུ་ཨེཛ་གི་ གཞུང་ཚབ་སྦེ་ ཕྱག་ཞུ་ནུག།
ཨམ་ཧེ་ལི་གིས་ རེ་པཱབ་ལི་ཀཱན་ སྲིད་ཚོགས་ནང་འཁོད་ལུ་ གདམ་འཐུའི་དོ་འགྲན་ཁག་ ༡༥ འབད་མིའི་ནང་ལས་ དོ་འགྲན་ཁག་ ༡༤ ཌོ་ནཱལ་ཊཱམ་ལས་ ཕམ་པའི་ཤུལ་ལུ་ མོ་གིས་ སྲིད་འཛིན་བཙག་འཐུའི་ནང་ གྲལ་གཏོགས་འབད་ནི་དེ་ མཚམས་འཇོག་འབད་དགོཔ་ ཐོན་ཡོད་རུང་ བློ་འགྱོད་མེད་ཟེར་ཨིན་པས།
མ་གཞི་ ཨམ་ཧེ་ལི་གིས་ འཛམ་གླིང་སྤྱི་ཚོགས་ནང་ གཞུང་ཚབ་སྦེ་ སྡོད་པའི་སྐབས་ཀྱི་ ཕྱི་འབྲེལ་སྲིད་བྱུས་ཀྱི་ ཉམས་མྱོང་དང་འཁྲིལཝ་ད་ ཡུ་ཨེཛ་དེ་ འཕྲོ་མཐུད་དེ་ར་ རྒྱལ་སྤྱིའི་འགོ་ཁྲིདཔ་སྦེ་ གནས་དགོཔ་ཡོད་ཟེར་ཨིནམ་ད་ མོ་གི་སྐུལ་བསྒྲགས་ཚུ་ནང་ ཡུ་ཀེ་རེན་གྱིས་ ཁོང་རའི་རྒྱལ་ཁབ་དེ་ ར་ཤི་ཡ་ལས་ སྲུང་སྐྱོབ་འབད་ཐབས་ལུ་ ཡུ་ཨེཛ་གིས་ གྲོགས་རམ་འབད་དགོཔ་སྦེ་ བཤད་ཡོད་རུང་ ཌོ་ནཱལ་ཊཱམ་གྱིས་ རྒྱབ་འགལ་ཅན་གྱི་ སྐུལ་བསྒྲགས་ཚུ་འབད་ནུག།
ཨམ་ཧེ་ལི་དེ་ བཙག་འཐུའི་ནང་ལས་ ཕྱིར་ཐོན་འབད་བའི་སྐབས་ལུ་ཡང་ ཌོ་ནཱལ་ཊཱམ་གྱིས་ མོ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཁོ་ལུ་ རྒྱབ་སྐྱོར་འབད་དགོཔ་སྦེ་ རྒྱུད་སྐུལ་མ་འབད་བའི་ཧེ་མར་ཡང་ ཨམ་ཧེ་ལི་ལུ་ བརྙས་བཅོས་འབད་ཡོདཔ་ཨིན་པས།
ཨིན་རུང་ བཱ་ཡེ་ཌེན་གྱིས་ ཌོ་ནཱལ་ཊཱམ་གྱི་སྐོར་ལས་ བདེན་བཤད་འབད་ནི་གི་ བློ་སྤོབས་ཡོད་མི་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཐོག་ལས་ མོ་ལུ་ རྒྱབ་སྐྱོར་འབད་མི་ཚུ་གིས་ ཁོ་ལུ་ རྒྱབ་སྐྱོར་འབད་དགོ་པའི་ སྐུལ་བསྒྲགས་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 836
Users Yesterday : 2073
This Month : 2909
This Year : 182812
Total Users : 894628
Views Today : 1152
Total views : 2627976
Who's Online : 11