
བི་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༡༠ ལུ་ རྒྱ་གར་གྱི་ དྲག་པོའི་དམག་མི་ སྡེ་ཚན་དང་པ་དེ་ མཱལ་ཌིབཛ་རྒྱལ་ཁབ་ནང་ལས་ ཕྱིར་བཏོན་འབད་ནི་ཨིནམ་ད་ དེ་ཡང་ མཚོ་གླིང་རྒྱལ་ཁབ་ མཱལ་ཌིབཛ་གིས་ རྒྱ་ནག་དང་གཅིག་ཁར་ སྔར་ལས་ལྷག་པའི་ མཐུན་འབྲེལ་དམ་ཟབ་ བཟོ་ནི་དེ་གིས་ཨིན་པས།
མཱལ་ཌིབཛ་ལུ་ རྒྱ་གར་གྱི་ དྲག་པོའི་དམག་མི་ སྡེ་ཚན ༨༠ ཡོད་མི་ཚུ་ མཱལ་ཌིབཛ་གི་ སྲིད་འཛིན་གྱིས་ ཆེད་དུ་བཀོད་མི་ དུས་ཚོད་དང་འཁྲིལ་ཏེ་ སྤྱི་ཟླ་ ༥ པའི་ནང་ ཕྱིར་བཏོན་འབད་ནི་ མཇུག་བསྡུ་དགོཔ་བཀོད་ནུག།
རྒྱ་གར་གྱིས་ ཁོང་གི་དམག་མི་ཚུ་ མཱལ་ཌིབཛ་ལུ་ བཞག་མི་དེ་ཡང་ མཱལ་ཌིབཛ་ལུ་ སྲོག་སྐྱོབ་དང་ གསང་ཞིབ་ཀྱི་དོན་ལས་ ཧེ་ལི་ཀོབ་ཊར་ ༢ གྲོགས་རམ་སྦེ་ བྱིན་མི་དེ་ ལག་ལེན་དང་ རྒྱུན་སྐྱོང་འཐབ་ཐབས་ལུ་ཨིན་ཟེར་ བཤད་ཡོདཔ་ད་ རྒྱ་གར་གྱི་ དམག་མི་ཚུ་ མཱལ་ཌིབཛ་ལས་ ཕྱིར་བཏོན་འབད་ནི་དེ་ སྲིད་འཛིན་མུའི་ཛུ་གིས་ བཙག་འཐུའི་སྐུལ་བསྒྲགས་སྐབས་ལུ་ ཁས་བླངས་འབད་བའི་ གནད་དོན་ཅིག་ཨིན་པས།
ཨིན་རུང་ རྒྱ་གར་དང་ མཱལ་ཌིབཛ་ ༢ ཀྱི་བར་ན་ རྒྱ་གར་གྱི་ ཞི་བ་དང་ འཕྲུལ་རིག་གི་ ལཱ་འབད་མི་ཚུ་ དམག་མི་ཕྱིར་བཏོན་འབད་མི་ཚུ་གི་ ཚབ་འཛིན་འབད་ནི་ལུ་ ཁ་འཆམ་ནུག།
བརྟག་དཔྱད་མཁས་མཆོག་ ལ་ལོ་ཅིག་གིས་འབད་བ་ཅིན་ མི་རློབས་ས་ཡ་ཕྱེད་ལྷགཔ་ཅིག་འབད་མི་ མཱལ་ཌིབཛ་རྒྱལ་ཁབ་དེ་ ཨེ་ཤི་ཡའི་ དབང་ཚད་དོ་འགྲན་ནང་ ཚུད་ནི་གི་ ཉེན་ཁ་འདུག་ཟེར་ཨིནམ་ད་ རྒྱ་ནག་གིས་ མཱལ་ཌིབཛ་ལུ་ འདས་པའི་ལོ་ངོ་ཚུ་ནང་ གཞི་རྟེན་མཁོ་ཆས་དང་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ ཌོ་ལར་ཐེར་འབུམ་ ༡ ལྷགཔ་ཅིག་ སྐྱིན་འགྲུལ་སྦེ་ བྱིན་ཡོདཔ་ཨིན་པས།
མཱལ་ཌིབཛ་གི་སྲིད་འཛིན་ མུའི་ཛུ་གིས་ དུས་ཅི་ སྤྱི་ཟླ་ ༡ པའི་ནང་ བེ་ཇིང་ལུ་ གཟིགས་སྐོར་གནང་ཞིནམ་ལས་ཚུར་ རྒྱལ་ཁབ་ ༢ ཀྱི་བར་ན་ ཐབས་བྱུས་ཅན་གྱི་མཉམ་འབྲེལ་ཡོངས་རྫོགས་སྦེ་ར་ གོང་འཕེལ་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 951
Users Yesterday : 2073
This Month : 3024
This Year : 182927
Total Users : 894743
Views Today : 1331
Total views : 2628155
Who's Online : 10