
རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༧ ལུ་ ཀེ་ན་ཌའི་རྒྱལ་ས་ ཨོ་ཊ་ཝ་ལུ་ ཤྲཱི་ལངྐའི་མི་ཁུངས་ ཨམ་སྲུ་ ༡ དང་ མོ་གི་ཨ་ལོ་ཆུང་ཀུ་ ༤ བརྩིས་ཏེ་ མི་གྲངས་ ༦ གྱི་བསོབ་སྟེ་ དམར་བསད་འབད་ནུག།
ཀེ་ན་ཌའི་བློན་ཆེན་ ཇཱཛ་ཊིན་གྱིས་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ འདྲོག་སི་སི་དང་ སྡུག་བསྔལ་ཚབས་ཆེན་ཨིན་པས་ཟེར་ བཤད་ཡོདཔ་ད་ ཨ་ལོ་ཚུ་གི་ ཨ་པ་ལུ་ ཤི་རྐྱེན་མ་བྱུང་རུང་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
དམར་བསད་དེ་ནང་ དོགས་པ་ཡོད་མི་ ཤྲཱི་ལངྐ་ལས་ སྐྱེས་ལོ་ ༡༩ འབད་མི་ ཕེ་བིར་ཡོ་ཟོའི་ས་དེ་ ཁྲིམས་སྲུང་འགག་སྡེ་གིས་ འཛིན་བཟུང་ཐོག་ལུ་ ཉེས་འཛུགས་བཀལ་ནུག།
ཀེ་ན་ཌ་ལུ་ དེ་བཟུམ་མའི་ དམར་བསད་འབད་མི་ དཀོན་སུ་ཅིག་ཨིན་རུང་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༢ པའི་ནང་ ས་གནས་ཊོ་རོན་ཊོ་ལུ་ མི་ཅིག་གིས་ ཀྲོབ་མདའ་རྐྱབ་སྟེ་ མི་ ༥ བསད་ཡོདཔ་མ་ཚད་ ཁོ་ར་ཡང་ ཁྲིམས་སྲུང་འགག་པ་གིས་ ཀྲོབ་མདའ་རྐྱབ་སྟེ་ བསད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༩ པའི་ནང་ཡང་ ས་གནས་སཱཛ་ཀ་ཅེ་ཝཱན་ལུ་ མི་ཅིག་གིས་ མི་གྲངས་ ༡༡ གྱི་བསོབ་སྟེ་ བསད་ནི་དེ་གིས་ འཛིན་བཟུང་འབད་བའི་ཤུལ་ལས་ སྨྱོ་རྫས་ཚད་ལས་རྒལ་ཏེ་ཟཝ་ལས་ ཤི་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 1213
Users Yesterday : 2073
This Month : 3286
This Year : 183189
Total Users : 895005
Views Today : 2149
Total views : 2628973
Who's Online : 22