
བི་བི་སི།
སྤྱི་ཟླ་ ༣ པའི་ཚེས་ ༡༣ ལུ་ འཛམ་གླིང་སྤྱི་ཚོགས་ཀྱིས་ བྱང་ཕྱོགས་ག་ཟ་ལུ་ བཟའ་འཐུང་སྐྱེལ་འདྲེན་དེ་ སྣུམ་འཁོར་ཐོག་ལས་ར་ མགྱོགས་དྲགས་ཡོདཔ་ལས་ ས་ཐོག་འཁོར་ལམ་གསརཔ་ཅིག་ བདུན་ཕྲག་ ༣ གྱི་ཤུལ་ལས་ འགོ་དང་པ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཨིཛ་རེལ་ དྲག་པོའི་དམག་སྡེ་གིས་ འཛམ་གླིང་བཟའ་འཐུང་ལས་རིམ་གྱི་ སྣུམ་འཁོར་ཆེ་བ་ ༦ ས་ཐོག་འཁོར་ལམ་བདའ་སྟེ་ ག་ཟའི་ས་མཚམས་ར་བའི་ སྒོ་ར་ལས་ བཏང་ཡི་ཟེར་ཨིནམ་ད་ དེ་ཡང་ ཧཱ་མཱཛ་དྲག་པོའི་སྡེ་ཚན་གྱིས་ བཟའ་འཐུང་ཚུ་ བཙན་འཕྲོག་འབད་ནི་མེདཔ་ བཟོ་ཐབས་ལུ་ཨིནམ་སྦེ་བཤད་ནུག།
བར་སྐབས་ཅིག་ཁར་ འཛམ་གླིང་རྒྱལ་ཁབ་ཚུ་གིས་ པེ་ལིཛ་ཊིན་གྱི་ ས་ཁོངས་ཚུ་ནང་ བཀྲེས་སྐོམ་གྱི་ སྡུག་བསྔལ་སེལ་ཐབས་ལུ་ ཨིཛ་རེལ་གྱིས་ བཟའ་འཐུང་བསྐྱལ་ནི་ཚུ་ལུ་ བཀག་ཆ་འབད་ནི་མེད་པའི་ ནན་བསྐུལ་འབད་ཡོདཔ་ཨིན་པས།
ད་རེས་ འཛམ་གླིང་བཟའ་འཐུང་ལས་རིམ་གྱིས་ ག་ཟའི་ས་མཚམས་བདའ་སྟེ་ ཨིཛ་རེལ་གྱི་ དམག་མིའི་འཁོར་ལམ་བརྒྱུད་དེ་ ག་ཟའི་ཁྲོམ་ཁར་སྡོད་མི་ མི་གྲངས་ ༢༥,༠༠༠ དེ་ཅིག་གི་དོན་ལས་ བཟའ་ཆས་ཚུ་ བསྐྱལ་ཚུགས་ཅི་ཟེར་ བཤད་ཡོད་རུང་ ག་ཟ་ལུ་ མི་གྲངས་ ༥༧༦,༠༠༠ དེ་ཅིག་ བཀྲེས་སྐོམ་གྱིས་ གདུང་ནི་ལུ་ དུས་ཡུན་ལེ་ཤ་མེད་པའི་ཁར་ དེ་བཟུམ་སྦེ་ བྱང་ཕྱོགས་ག་ཟ་ལུ་ཡང་ མི་གྲངས་ ༣༠༠,༠༠༠ དེ་ཅིག་ལུ་ འཕྲལ་མགྱོགས་ར་ བཟའ་འཐུང་གིས་ མ་ལང་པའི་ དཀའ་ངལ་ཚབས་ཆེན་སྦེ་ར་ འཐོན་ནི་མས་ཟེར་བཤད་ནུག།
ག་ཟ་ལུ་ ཧ་མཱཛ་གིས་ འཛིན་སྐྱོང་འཐབ་མི་ གསོ་བ་ལྷག་ཁག་ལས་ བཤད་མིའི་ནང་ཡང་ ཁོང་གི་སྨན་ཁང་ཚུ་ནང་ གཟུགས་ཁར་ཟས་བཅུད་དང་ ཆུ་མེད་པའི་རྐྱེན་གྱིས་ མང་ཤོས་ཨ་ལོ་ཚུ་ཨིན་མི་ མི་གྲངས་ ༢༧ དེ་ཅིག་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིནམ་ད་ ཨིཛ་རེལ་གྱིས་འབད་བ་ཅིན་ ཁོང་གི་ཁ་ཐུག་ལས་ ས་གནས་ག་ཟ་ལུ་ བཟའ་ཆས་ཀྱི་ གྲོགས་རམ་ལུ་ ཚད་འཛིན་འབད་ནི་མེདཔ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ཚུ་གིས་ར་ ཚགས་ཁར་མ་ཚུདཔ་སྦེ་ ཁ་ཉེས་བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1399529
Views Today :
Total views : 5000
Who's Online :