
རོའི་ཊརཛ།
སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ར་ཤི་ཡའི་སྲིད་འཛིན་ ཝཱལ་ཌི་མིར་ པུ་ཊིན་གྱིས་ བྱང་ཨེཊ་ལེན་ཊིག་ ཆིངས་ཡིག་ཚོགས་པའི་ འཐུས་མི་རྒྱལ་ཁབ་ པོ་ལེན་དང་ བཱལ་ཊིག་ ཟེག་རེ་པབ་ལིག་ རྒྱལ་ཁབ་གང་རུང་ལུ་ གནོད་འཚུབ་བཀལ་ནི་གི་ འཆར་གཞི་མེད་རུང་ འཛམ་གླིང་ནུབ་ཕྱོགས་ རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ དམག་འཛིང་གནམ་གྲུ་ ཨེཕ་-༡༦ ཚུ་ མཁོ་སྤྲོད་འབད་བ་ཅིན་ གནམ་གྲུ་དེ་ཚུ་ ར་ཤི་ཡའི་ དམག་སྡེ་ཚུ་གིས་ གོ་མཚོན་ལག་ལེན་འཐབ་ཐོག་ལས་ ཕབ་གཏང་ནི་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
སྲིད་འཛིན་པུ་ཊིན་གྱིས་ ར་ཤི་ཡའི་ མཁའ་དམག་གནམ་གྲུའི་ དེད་དཔོན་ཚུ་ལུ་ སྤྱི་ལོ་ ༡༩༩༡ ལས་ཚུར་ ཡུ་ཨེཛ་གིས་ འགོ་ཁྲིད་འབད་མི་ ནུབ་ཕྱོགས་རྒྱལ་ཁབ་ཚུ་གི་ མཐུན་འབྲེལ་དེ་ ཤར་ར་ཤི་ཡའི་ཧོངས་ལུ་ རྒྱ་སྐྱེད་སོང་སྟེ་ཡོད་རུང་ བྱང་ཨེཊ་ལེན་ཊིག་ཚོགས་པའི་ ཐུས་མི་རྒྱལ་ཁབ་ག་ལུ་ཡང་ གནོད་འཚུབ་བཀལ་ནི་གི་ འཆར་གཞི་མེད་ཟེར་བཤད་ནུག།
ར་ཤི་ཡ་གིས་འབད་བ་ཅིན་ ཡུ་ཨེཛ་དང་ ར་ཤི་ཡའི་བར་ན་ མཐུན་ལམ་དེ་ ཚབས་ཆེན་སྦེ་ར་ མེདཔ་ཐལ་མི་དེ་ ཡུ་ཨེཛ་གིས་ ཡུ་ཀེ་རེན་ལུ་ མ་དངུལ་དང་ མཚོན་ཆ་ དེ་ལས་ གསང་ཞིབ་རིག་རྩལ་ཚུ་གི་སྒོ་ལས་ རྒྱབ་སྐྱོར་འབད་དེ་ ར་ཤི་ཡ་ལུ་ རྒྱབ་འགལ་འབད་ནི་དེ་གིས་ཨིན་པའི་ ཁ་ཉེས་ཡང་ བཀལ་དོ་ཡོདཔ་ཨིན་པས།
འཛམ་གླིང་ནུབ་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་གིས་ ཡུ་ཀེ་རེན་ལུ་ དམག་འཛིང་གནམ་གྲུ་ ཨེཕ་-༡༦ ཚུ་ བྱིན་ནི་ཨིན་ཟེར་ བཤད་མི་དེ་ལུ་ པུ་ཊིན་གྱིས་ དེ་བཟུམ་མའི་ གནམ་གྲུ་མཁོ་སྤྲོད་འབད་རུང་ ཡུ་ཀེ་རེན་གྱི་ གནས་སྟངས་ལུ་ འགྱུར་བ་ག་ནི་ཡང་ མི་འཐོན་ཟེར་བཤད་ནུག།
ཡུ་ཀེ་རེན་གྱིས་ དགོས་མཁོ་བཀོད་མི་དང་འཁྲིལ་ཏེ་ བེལ་ཇི་ཡམ་དང་ ཌེན་མཱག་ ནོར་ཝེ་ ནེ་དར་ལེན་ཚུ་གིས་ དམག་འཛིང་གནམ་གྲུ་ ཨེཕ་-༡༦ ཚུ་ བྱིན་ནི་ཨིནམ་པ་མ་ཚད་ དེད་དཔོན་ཚུ་ལུ་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་གི་ ཁས་ལེན་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1445563
Views Today :
Total views : 5000
Who's Online :