
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༣ པའི་ཚེས་ ༢༨ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གོ་མཚོན་འབག་ནི་མེད་མི་ པེ་ལེཛ་ཊིན་གྱི་ མི་ ༢ ས་གནས་ག་ཟ་ལུ་ དམར་བསད་འབད་བའི་ཤུལ་ལས་ ཁོང་ ༢ ཀྱི་ཕུངམོ་དེ་ དམག་སྡེའི་འཕྲུལ་གླང་ཅིག་གིས་ བྱེམ་དང་ རག་རོ་ཚུ་ནང་ བཙུགས་བཞག་ནུག་ཟེར་ཨིན་པས།
དེ་སྦེ་ དམར་བསད་མ་འབད་བའི་ཧེ་མར་ ཁོང་ ༢ ཀྱིས་ ཉེན་མེད་ཨིན་པའི་ བརྡ་མཚོན་ལུ་ རས་དཀརཔོ་ཅིག་ ལོག་ཅི་ར་ གཡུག་ཡོདཔ་ད་ ཁོང་ ༢ ག་ཟ་ཁྲོམ་གྱི་ ནུབ་བྱང་ལུ་ཡོད་མི་ རང་སོའི་ཁྱིམ་ནང་ འགྱོ་བའི་སྐབས་ལུ་ དམར་བསད་འབད་ནུག།
གནད་དོན་དེ་གི་སྐོར་ལས་ བརྙན་ཐུང་དེ་ཡང་ འཛམ་གླིང་སྤྱི་ཚོགས་ སྲུང་སྐྱོབ་ཚོགས་སྡེ་གིས་ ག་ཟ་ལུ་ ཕྱད་མདའ་མཚམས་འཇོག་འབད་དགོ་པའི་ གྲོས་ཆོད་བཏོན་པའི་ཤུལ་ལས་ ཁྱབ་སྤེལ་སོང་ཡོདཔ་ད་ སྲུང་སྐྱོབ་ཚོགས་སྡེ་གིས ཨིཛ་རེལ་ལུ་ ཟླ་ངོ་ ༦ དེ་ཅིག་ལང་མི་ ཕྱད་མདའ་དེ་ མཚམས་འཇོག་འབད་དགོ་པའི་ ནན་སྐུལ་འབདཝ་ཨིན་པས།
བརྙན་ཐུང་དེ་ནང་ མཚོན་ཐུབ་ཅན་གྱི་ སྣུམ་འཁོར་ཅིག་གིས་ བདའ་སོང་སྟེ་ ཀྲོབ་མདའ་རྐྱབ་པའི་སྐབས་ལུ་ ས་ཁར་འགྱེལ་ས་དངལ་ དེ་གི་ཤུལ་ལས་ འཕྲུལ་གླང་ཅིག་ ལག་ལེན་འཐབ་སྟེ་ ཁོང་གི་ཕུངམོ་དེ་ ས་དོང་ནང་ ཨེབ་བཞག་ས་ཚུ་ཡང་ མཐོངམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 552
Users Yesterday : 1695
This Month : 40760
This Year : 220663
Total Users : 932479
Views Today : 1767
Total views : 2720476
Who's Online : 12