
ཨེན་ཌི་ཊི་ཝི།
སྤྱི་ཟླ་ ༣ པའི་ཚེས་ ༢༩ ལུ་ ཧར་ཝཱཌ་གཙུག་ལག་སློབ་སྡེ་གིས་ ཁོང་གི་དཔེ་མཛོད་ཅིག་ནང་ ལོ་གྲངས་ ༩༠ དེ་ཅིག་ སོང་ཡོད་མི་ ཀི་དེབ་ཀྱི་ཕྱི་ཤུབས་ མི་གི་པགས་ཀོ་འབད་མི་དེ་ བཤུབས་བཞག་ཡོད་ཟེར་ཨིན་པས།
ཀི་དེབ་དེ་ཡང་ ཚེ་ལས་འདས་པའི་ཤུལ་ལུ་ ཚེ་སྲོག་གི་སྐོར་ལས་ སྒོམ་ཐབས་ཟེར་ དུས་རབས་ ༡༩ པའི་ནང་ བྲིས་ཡོད་མི་ ཀི་དེབ་ཅིག་ཨིནམ་ད་ ཀི་དེབ་དེ་ སྤྱི་ལོ་ ༢༠༡༤ ལུ་ཐོབ་ནུག།
ཀི་དེབ་དེ་ ཕ་རཱནཛ་གི་ མི་ཅིག་གིས་ བྲིས་ཡོདཔ་ལས་ མི་གི་པགས་ཀོ་དེ་ ག་དེ་སྦེ་ མེདཔ་གཏང་ནི་ཨིན་ནའི་སྐོར་ལས་ ཕ་རཱནཛ་གི་ དབང་འཛིན་ཚུ་དང་ བསྟུན་གྲོས་འབད་ཡོདཔ་ད་ མ་གཞི་ གནའ་སྔ་མའི་དུས་ལུ་ ཀི་དེབ་ཚུ་ མི་གི་པགས་ཀོ་གིས་ སྤུར་སྲོལ་ཡོདཔ་ཨིན་པས།
ཀི་དེབ་དེ་གི་ ཇོ་བདག་དང་པ་དེ་ ཌོག་ཊར་ལུ་ཌོ་ཝིག་ བུ་ལེན་དང་ བྲིས་མི་དེ་ ཕ་རཱནཛ་གི་ རྩོམ་སྒྲིག་པ་ ཨར་སེ་ནི་ ཧུ་སེ་ཟེར་མི་ཨིནམ་ད་ ཧུ་སེ་དེ་ སྨན་ཁང་ཅིག་ནང་ ལཱ་འབད་མི་ཅིག་ཨིནམ་ལས་ ཀི་དེབ་སྤུར་མི་ པགས་ཀོ་དེ་ དེ་བསྒང་ སེམས་ཁམས་ཀྱི་ ནད་གཞི་ཡོད་མི་ ཨམ་སྲུ་ཅིག་ དོན་ཧིང་གི་ ནད་གཞི་ཐོབ་སྟེ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ ཁོ་གིས་ མོ་གི་པགས་ཀོ་གིས་ སྤུར་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1445225
Views Today :
Total views : 5000
Who's Online :