པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ས་སྣུམ་པེ་ཊཱོལ་གྱི་ གོང་ཚད་སྦོམ་སྦེ་ར་ ཡར་སེང་སོང་ཡོདཔ།

ཨེན་ཌི་ཊི་ཝི།
པ་ཀིཛ་ཏཱན་ རྒྱལ་ཁབ་ནང་ ས་སྣུམ་པེ་ཊཱོལ་གྱི་ གོང་ཚད་དེ་ བདུན་ཕྲག་ ༢ རེའི་བར་ན་ཚར་རེ་ ཡར་སེང་འགྱོ་དོ་ཡོདཔ་ལས་ ཚ་གྱང་ཅན་གྱི་ གནས་སྟངས་ཅིག་ལུ་ འགྱུར་ཡོདཔ་ད་ དེ་ཡང་ སྤྱི་ཟླ་ ༣ པའི་ཚེས་ ༣༠ ལུ་ པེ་ཊཱོལ་ལི་ཊར་རེར་ པ་ཀིཛ་ཊཱན་གྱི་ རུ་པི་ ༡༠ མ་ལངམ་རེ་ ཡར་སེང་སོང་ནུག།
དེ་འབདཝ་ལས་ ད་ལྟོ་ པེ་ཊཱོལ་ལི་ཊར་རེར་ རུ་པི་ ༢༧༩.༧༥ རེ་ཨིན་མི་དེ་ ལི་ཊར་རེར་ རུ་པི་ ༢༨༩.༦༩ རེ་ལུ་ ཡར་སེང་ཡོདཔ་ད་ དེ་བཟུམ་སྦེ་ ས་སྣུམ་ཌི་ཛཱལ་ ལི་ཊར་རེ་ལུ་ རུ་པི་ ༡.༣༠ རེ་ ཡར་སེང་འགྱོ་མི་དེ་ཡང་ ཌི་ཛཱལ་ལི་ཊར་རེར་ རུ་པི་ ༢༨༤.༤༩ ལས་ རུ་པི་ ༢༨༥.༨༦ རེ་ལུ་ ཡར་སེང་སོང་ཡོད་རུང་ ས་མར་ཁུའི་ཐེད་ཁར་ རུ་པི་ ༡༨༨.༤༩ ལས་ རུ་པི་ ༡༨༨.༦༦ འབདཝ་ད་ ལི་ཊར་རེ་ལུ་ རུ་པི་ ༠.༡༧ རེ་ལས་ ཡར་སེང་མ་འགྱོཝ་ཨིན་པས།
ས་སྣུམ་གྱི་རིགས་ལུ་ དེ་སྦེ་ གོང་ཚད་ཡར་སེང་འགྱོ་མི་དེ་ འཛམ་གླིང་ནང་ར་ ཡར་འཕར་འགྱོ་ནི་དེ་གིས་ཨིནམ་ད་ དེ་ཡང་ སྤྱི་ཟླ་ ༣ པའི་ བདུན་ཕྲག་དང་པ་ ༢ ཀྱི་ནང་ པེ་ཊཱོལ་བེར་རེལ་རེ་ལུ་ ཡུ་ཨེཛ་ཌོ་ལར་ ༩༠ རེ་ཨིན་མི་དེ་ ཌོ་ལར་ ༩༥ རེ་ལུ་ ཡར་སེང་སོང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: