ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ ཧ་མཱཛ་འགོ་ཁྲིདཔ་གི་ བུ་གསུམ་དམར་བསད།

རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༡༠ ལུ་ པེ་ལིཛ་ཊིན་ ཨིཛ་ལ་མིག་ སྡེ་ཚན་དང་ ཧ་མཱཛ་གི་ འགོ་ཁྲིདཔ་གོངམ་ ཧ་ནི་ཡེའི་ བཟའ་ཚང་གིས་འབད་བ་ཅིན་ ཧ་མཱཛ་འགོ་ཁྲིདཔ་གོངམ་གི་ བུ་ ༣ ཨིཛ་རེལ་གྱིས་ མཁའ་དམག་ཐོག་ལས་ གནོད་འཚུབ་བཀལ་ཏེ་ དམར་བསད་འབད་ཡི་ཟེར་ཨིན་པས།
ཨིཛ་རེལ་གྱི་ ཁ་ཐུག་ལས་ དེ་བཟུམ་མའི་ གནོད་འཚུབ་བཀལ་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ ཧ་མཱཛ་འགོ་ཁྲིདཔ་གི་ བུ་ ༣ གྱིས་ མཚོན་ཆ་འབག་སྟེ་ དབང་བཙོང་གི་ ལཱ་འབད་དོ་ཡོདཔ་སྦེ་བཤད་ནུག།
ཧ་མཱཛ་འགོ་ཁྲིདཔ་གི་བུ་ ཧ་ཟེམ་དང་ ཨ་མིར་ དེ་ལས་ མོ་ཧ་མེད་གསུམ་ཆ་ར་ ག་ཟའི་དམག་སྒར་ ཨཱལ་ཤ་ཏི་ཟེར་སར་ སྣུམ་འཁོར་ནང་ འགྲུལ་བསྐྱོད་འབད་བའི་སྐབས་ལུ་ རྫས་བམ་བཀོག་སྟེ་ དམར་བསད་འབད་ཡོདཔ་མ་ཚད་ ཧ་ནི་ཡེའི་ བུཚ་ཚུ་གི་ བུམོ་ ༣ དང་ བུ་ ༡ ཡང་ དམར་བསད་ཡོདཔ་ཨིན་པས།
ག་ཟ་ལུ་ཡོད་མི་ ཧ་ནི་ཡེའི་ བཟའ་ཚང་གི་ སྡོད་ཁྱིམ་དེ་ ན་ཧིང་ སྤྱི་ཟླ་ ༡༡ པའི་ནང་ ཨིཛ་རེལ་གྱིས་ མེདཔ་བཏང་ཡོདཔ་ད་ ཁོ་ར་ཀ་ཊར་ལུ་སྡོད་དེ་ ཧ་མཱཛ་རྒྱལ་སྤྱི་དོན་གཅོད་ནང་ ངར་སྐད་རྐྱབ་མི་ཅིག་སྦེ་བཀོད་ནུག།
ཁོ་གི་བུ་ ༣ པོ་ མུཛ་ལིམ་གི་ ཨིཌ་ཨཱལ་ཕི་ཏར་གྱི་ དུས་སྟོན་སྐབས་ལུ་ ས་གནས་ཤ་ཏི་ལུ་ཡོད་མི་ སྐྱབས་བཅོལ་བའི་སྒར་ནང་ བཟའ་ཚང་ནང་མི་ཚུ་ ཕྱད་པར་འགྱོ་བའི་སྐབས་ལུ་ དམར་བསད་འབད་ཡོདཔ་ཨིན་པས།
ཧ་མཱཛ་གིས་ ཨིཛ་རེལ་གྱིས་ དམག་འཁྲུག་མཚམས་འཇོག་གི་ གྲོས་འཆར་སྐོར་ལས་ བརྟག་ཞིབ་ཚུ་འབདཝ་ད་ པེ་ལིཛ་ཊིན་གྱི་ ཐོབ་བརྗོད་བཀོད་མི་ཚུ་ ཕུད་རྡོག་ ༡ ཡང་ འགྲུབ་མ་ཚུགས་ཟེར་ཨིནམ་ད་ ཁོང་གི་ཁ་ཐུག་ལས་ ཐོབ་བརྗོད་ཚུ་ཡང་ དྭངས་གསལ་ཅན་སྦེ་ར་ བཀོད་དེ་ཡོདཔ་ལས་ ཡངས་ཆག་མེདཔ་སྦེ་ར་ འགྲུབ་དགོ་ཟེར་བཀོད་ནུག།
ཨིཛ་རེལ་གྱིས་ ཧ་མཱཛ་སྡེ་ཚན་དེ་ དྲག་ཐོག་དབང་བཙོང་སྡེ་ཚན་སྦེ་ བརྩི་འཇོག་འབད་དེ་ ཧ་མཱཛ་གི་ འགོ་ཁྲིདཔ་ཚུ་དང་ འགོ་ཁྲིདཔ་གཞན་ཚུ་གིས་ འཕྲོ་མཐུད་དེ་ར་ དྲག་ཐོག་དབང་བཙོང་སྡེ་ཚན་དེ་ལུ་ རྒྱུད་སྐུལ་ཚུ་འབད་དོ་ཡོད་པའི་ ཁ་ཉེས་བཀལཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: