
རོའི་ཊརཛ།
སྤྱི་ཟླ་ ༤ པའི་ཚེས་ ༣༠ ལུ་ ཀོ་ལམ་བི་ཡ་ གཙུག་ལག་སློབ་སྡེའི་ནང་ལས་ ཁྲིམས་སྲུང་འགག༌པ་ཚུ་གིས་ པེ་ལིཛ་ཊིན་གྱི་ རྒྱབ་སྐྱོར་ལུ་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ འཛིན་བཟུང་འབད་ནུག།
དེ་ཡང་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ གཙུག་ལག་སློབ་སྡེའི་ སྒྲིང་ཁྱིམ་ཅིག་ བཙན་བཟུང་འབད་དེ་ སྡོད་ཡོདཔ་ལས་ ངོ་རྒོལ་འགྲེམ་སྟོན་གྱི་ སྒར་བཟུམ་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག༌སྡེ༌གིས་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ འཛིན་བཟུང་འབད་བའི་ཤུལ་ལས༌ གཙུག་ལག་སློབ་སྡེའི༌གཙོ་འཛིན་ མི་ནུཤ་ཤ་ཕིག་གིས་ ཁྲིམས་སྲུང་འགག༌པ་ཚུ་ གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཚུ་ལུ་ མཐར་འཁྱོལ་ལག་ཁྱེར་ཚུ་ མ་སྤྲོད་ཚུན་འབདཝ་ད་ སྤྱི་ཟླ་ ༥ པའི་ཚེས་ ༡༧ ཚུན་ གཙུག་ལག་སློབ་སྡེའི་ནང་ར་ སྡོད་དགོ་པའི་ བརྡ་སྐུལ་ཡི་གུ་ སྤྲོད་ཡོདཔ༌ད༌ དེ་ཡང་ སློབ་སྡེའི་ནང་ སྒྲིག་འཛིན་དང་ ངོ་རྒོལ་འགྲེམ་སྟོན་གྱི་ སྒར་བཅག་ནི་ལས་ བཀག་ཐབས་ལུ་ཨིན་ཟེར་ བཀོད་དེ་ཡོདཔ་ཨིན་པས།
ཁྲིམས་སྲུང༌འགག༌སྡེ་གིས་ བཤད༌དོ༌བཟུམ༌འབད༌བ༌ཅིན༌ དུས་ཡུན་ཆུ་ཚོད་ ༣ གྱི་ ནང་འཁོད་ལུ༌ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་ འཛིན་བཟུང་འབད་དེ་ གཙུག་ལག་སློབ་སྡེའི་ ས་ཁོངས་དེ་ནང་ ངོ་རྒོལ་འབད་མི་ཚུ་ རྩ༌མེད༌བཏང་ཡི་ཟེར་ཨིནམ༌ད་ དེ༌ཡང་ ཕྱི་རོའི་ཆུ་ཚོད་ ༩ དེ་ཅིག་ཁར་ ངོ་རྒོལ་འགྲེམ་སྟོན་འབད་མི་ཚུ་གིས་ བཙན་བཟུང་ཐོག་ལུ་ཡོད་མི་ སྒྲིང་ཁྱིམ་གྱི་ སྒོ་ཅུང་ཚུ་གི༌ནང་ལས་ འཛུལ་དགོཔ་ཐོན་ནུག།
དེའི་ཤུལ་ལས་ སློབ་ཕྲུག་གྱངས་ཁ་མ་ཆོདཔ་ཅིག་ འཛིན་བཟུང་འབད་དེ་ ལགཔ་རྒྱབ་ཁར་བསྡམས་ཏེ་ སྣུམ་འཁོར་བཱཛ་ནང་སྦེ༌ ཁྱིད་པའི་སྐབས་ལུ་ སྒྲིང་ཁྱིམ་གྱི༌ ཕྱི་ཁར་ཡོད་མི་ སློབ་ཕྲུག་ཚུ་གིས་ པེ་ལིཛ་ཊིན་ལུ་ དལ་དབང་བྱིན་དགོ་ཟེར་བའི་ བརྗོད་དོན་ཐོག་ལས་ སྐད་རྐྱབ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཕྲལ་ཁམས་ཅིག༌ཁར༌ཡང་ ཡུ་ཨེཛ༌རྒྱལ༌ཁབ་མཐའ་དབུས་མེད་པར་ ཨིཛ་རེལ་གྱིས་ ག་ཟ་ལུ་ ཕྱད་མདའ་རྐྱབ་པའི༌ རྒྱབ་འགལ་ལུ་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་ཚུ་ འགོ་འདྲེན་འཐབ་ནུག༌ཟེར༌ བཀོད༌འདུག༌པའི་གནས་ཚུལ།





Users Today : 1545
Users Yesterday : 1364
This Month : 1545
This Year : 181448
Total Users : 893264
Views Today : 2473
Total views : 2625774
Who's Online : 6