སི་ལོ་བ་ཀི་ཡའི་ བློན་ཆེན་གུ་ ཀྲོབ་མདའ་རྐྱབ་ཡོདཔ།

སི་ཨེན་ཨེན།
སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ སི་ལོ་བ་ཀི་ཡ་ རྒྱལ་ཁབ་ཀྱི་ བློན་ཆེན་རོ་བཱཊ་ཕི་ཀོ་གུ་ ཀྲོབ་མདའ་ཚར་ ༥ རྐྱབ་ཡོདཔ་ལས་ སྨན་ཁང་ནང་ བསྐྱལ་དགོཔ་ཐོན་ཡོདཔ་ད་ རྒྱལ་ཁབ་ཀྱི་ མི་སེར་ག་ར་ རྣམ་རྟོག་ལང་ཡོདཔ་ཨིན་པས།
དེ་ཡང་ བློན་ཆེན་དེ་ སི་ལོ་བ་ཀི་ཡའི་ཁྲོམ་ཚོགས་ ཧེན་ལོ་བ་ཟེར་སར་ གཞུང་འབྲེལ་ཞལ་འཛོམས་ཅིག་ནང་ གྲལ་གཏོགས་མཛད་པའི་ཤུལ་ལུ་ བཀྲོངས་ཐབས་འབད་ཡོདཔ་ད་ བྱ་ངན་འབད་མི་དེ་ཡང་ བློན་ཆེན་མཇལ་ནི་སྦེ་ ལམ་ཁར་སྒུགས་སྡོད་མི་ སྡེ་ཚན་ཆུང་ཀུ་ཅིག་གི་གྲས་ཁར་ སྡོད་ནུག་ཟེར་ཨིན་པས།
བརྙན་ཐུང་ཅིག་ནང་ བློན་ཆེན་དེ་ལུ་ བཀྲོབ་མདའ་རྐྱབ་པའི་ཤུལ་ལས་ ཁོ་རའི་ཕྱག་ཞུ་མི་ཚུ་གིས་ དེ་འཕྲལ་ལས་ སྣུམ་འཁོར་ནང་བཙུགས་ཏེ་ བདའ་འགྱོ་ས་མཐོང་དོ་ཡོདཔ་ད་ བློན་ཆེན་དེ་ ཧེ་མ་ར་ ས་གནས་ཀྱི་ སྨན་ཁང་ཅིག་ནང་ བསྐྱལ་བའི་ཤུལ་ལས་ གནམ་གྲུ་ཧེ་ལི་ཀོབ་ཊར་ཐོག་ལས་སྦེ་ ཀི་ལོ་མི་ཊར་ ༣༠ དེ་ཅིག་གི་ ས་ཁར་ཡོད་མི་ སེམས་ཁམས་ཚབས་ཆེན་ལྟེ་བའི་ནང་ བསྐྱལ་ཡོདཔ་ཨིན་པས།
སི་ལོ་བ་ཀི་ཡའི་ སྲུང་སྐྱོབ་བློན་པོ་དང་ ནང་སྲིད་བློན་པོ་ ༢ ཀྱིས་འབད་བ་ཅིན་ དེ་སྦེ་ བཀྲོངས་ཐབས་སྒྲིག་མི་དེ་ སྲིད་དོན་དང་ འབྲེལ་བ་ཡོདཔ་སྦེ་ཨིནམ་ད་ དོགས་པ་ཅན་དེ་གིས་ བློན་ཆེན་དེ་ སྲིད་འཛིན་བཙག་འཐུའི་ཤུལ་ལུ་ བཀྲོངས་ནི་སྦེ་ སེམས་ཐག་བཅད་ཡོདཔ་སྦེ་བཤད་ནུག།
བློན་ཆེན་འོགམ་ ཏོ་མཱཛ་ཏ་ར་བཱ་གིས་ བློན་ཆེན་གྱི་ གཤག་བཅོས་དེ་ ལེགས་ཤོམ་སོང་ཡོདཔ་ལས་ ཚེ་སྲོག་ལུ་ ཉེན་ཁ་མེད་པའི་ གནས་སྟངས་ནང་ཡོད་པའི་ ཡིད་ཆེས་ཡོད་ཟེར་ བཤད་ཡོདཔ་མ་ཚད བློན་ཆེན་གུ་ ཀྲོབ་བདའ་རྐྱབ་ཡོད་པའི་ ལོ་རྒྱུས་གོ་བའི་ཤུལ་ལུ་ རྣམ་རྟོག་སྦོམ་སྦེ་ར་ ལང་ཡོད་རུང་ གཤག་བཅོས་ ལེགས་ཤོམ་སྦེ་ འགྱོ་ནི་དེ་གིས་ མི་གཤགཔ་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིན་པས།
སི་ལོ་བ་ཀི་ཡའི་ རྒྱལ་ཁབ་ནང་ བློན་ཆེན་ཕི་ཀོ་དེ་ ཁྲིམས་བཟོའི་མི་ངོམ་ དྲག་ཤོས་ཅིག་ཨིནམ་ད་ ཚད་འཛིན་ཅན་གྱི་ དབང་ཚད་ཡོད་མི་ སྲིད་འཛིན་དང་ཕྱདཔ་ད་ གཞུང་གི་དབུ་ཁྲིད་ཀྱི་ གནས་ཚད་ཁར་ གྲོས་ཆོད་ཚུ་ བཏོན་ནི་གི་ དབང་ཚད་ཧྲིལ་བུར་ བློན་ཆེན་ལུ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: