
སྤྱི་ཟླ་ ༥ པའི་ཚེས་ ༡༨ ལུ་ འབྲུག་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་ ༡༥ འབད་མི་ དཔལ་འབྱོར་ལྷན་ཐབས་འཆར་གཞི་དེ་ གཞུང་འབྲེལ་ཐོག་ལུ་ འགོ་འབྱེད་རྟེན་འབྲེལ་ མཛད་ཡོདཔ་ཨིན་པས།
དེ་ཡང་ མི་རྗེ་བློན་ཆེན་མཆོག་གིས་ དབུ་གཙོས་པའི་ འབྲུག་ལུ་ རྒྱ་གར་གཞུང་ཚབ་དང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དེ་བཟུམ་སྦེ་ འབྲུག་ལུ་ བང་ལ་དེཤ་དང་ ཀུ་ཝེཊ་གི་གཞུང་ཚབ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ལྷན་རྒྱས་ ཚུ་རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ཚོགས་དཔོན་ དེ་ལས་ དངུལ་ཁང་ཁག་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ཚུ་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་ འཛོམས་ཐོག་ལུ་ འགོ་འབྱེད་མཛད་ནུག།
དཔལ་འབྱོར་ལྷན་ཐབས་འཆར་གཞི་དེ་ལུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ད་ འཆར་གཞི་དེ་ལུ་བརྟེན་ཏེ་ བཟོ་བསྐྲུན་དང་ ཁྱིམ་བཟོའི་སྐྱིན་འགྲུལ་ བཀག་དམ་འབད་མི་ཚུ་ སྤྱི་ཟླ་ ༧ པའི་ཚེས་ ༡ ལས་ ཡངས་ཆག་གཏང་ནི་ཨིན་པའི་ཁར་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལས་ སྣུམ་འཁོར་ནང་འདྲེན་ བཀག་དམ་འབད་མི་ཚུ་ཡང་ ཡངས་ཆག་གཏང་ནི་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་མཆོག་གིས་ རྒྱ་གར་གཞུང་ལས་ རྒྱབ་སྐྱོར་དང་ མཉམ་འབྲེལ་ཚུ་ འཕྲོ་མཐུད་དེ་ར་ མཛད་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་ གསུངས་ཡོད་པའི་གནས་ཚུལ།





Users Today : 4
Users Yesterday : 1472
This Month : 52352
This Year : 281193
Total Users : 993009
Views Today : 4
Total views : 2895918
Who's Online : 10