
སི་ཨེན་ཨེན།
སྤྱི་ཟླ་ ༥ པའི་ཚེས་ ༢༨ ལུ་ ཨིཛ་རེལ་དང་ ཧ་མཱཛ་སྡེ་ཚན་གྱི་ དམག་འཁྲུག་ནང་ ཨིཛ་རེལ་གྱིས་ པེ་ལིཛ་ཊིན་གྱི་ས་གནས་ ར་ཕ་ལུ་ཡོད་མི་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་གུ་ ཡུ་ཨེཛ་ལུ་ བཟོ་བསྐྲུན་འབད་མི་ གོ་མཚོན་ནུས་ཤུགས་ཅན་ཚུ་ ལག་ལེན་འཐབ་ཡོདཔ་སྦེ་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༡༩ ལུ་ ག་ཟ་ཁྲོམ་ཚོགས་ཀྱི་ ལྷོ་ཕྱོགས་ཁྲོམ་ཁར་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ གནོད་འཚུབ་བཀལ་བའི་སྐབས་ལུ་ སྡོད་སྒར་ཚུ་གུ་ མེ་ཟུན་ཏེ་ མི་གྲངས་ ༤༥ ལུ་ ཤི་རྐྱེན་དང་ མི་གྲངས་ ༢༠༠ ལྷགཔ་ཅིག་ལུ་ རྨ་སྐྱོན་ཚུ་བྱུང་ནུག།
དེ་བསྒང་ གནོད་སྐྱོན་བྱུང་མི་ མང་ཤོས་ཅིག་ར་ ཨམ་སྲུ་དང་ ཨ་ལོ་ཚུ་ཨིན་པས་ཟེར་ ག་ཟ་ཁྲོམ་ཚོགས་ཀྱི་ གསོ་བའི་ལྷན་ཁག་དང་ པེ་ལིཛ་ཊིན་གྱི་ སྨན་ཁང་ལས་བྱེདཔ་ཚུ་གིས་ བཤད་ཡོདཔ་ཨིན་པས།
ད་རེས་ གནོད་འཚུབ་བཀལ་སའི་ ར་ཕ་ཁྲོམ་ནང་ དམག་འཁྲུག་ལས་ ཟུར་ཐབས་ལུ་ སྒར་བཅགས་ཏེ་སྡོད་མི་ པེ་ལིཛ་ཊིན་གྱི་མི་ཁུངས་ ས་ཡ་ ༡.༣ དེ་ཅིག་ཡོདཔ་ད་ གནོད་འཚུབ་དེ་གི་སྐོར་ལས་ རྒྱལ་སྤྱི་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་ཚུ་གིས་ ཨིཛ་རེལ་ལུ་ དེ་བཟུམ་མའི་ གནོད་འཚུབ་བཀལ་མི་དེ་ དེ་འཕྲལ་ལས་ མཚམས་འཇོག་འབད་དགོ་པའི་ གསལ་བཤད་འབད་ནུག།
གནོད་འཚུབ་ཚུ་ཡང་ ཡུ་ཨེཛ་ལུ་ བཟོ་བསྐྲུན་འབད་མི་ གོ་མཚོན་ཚུ་ ལག་ལེན་འཐབ་སྟེ་ བཀལ་དོ་ཡོདཔ་ད་ ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བཱ་ཡེ་ཌེན་གྱིས་ ར་ཕ་ལུ་ གནོད་འཚུབ་བཀལ་མི་དེ་ ཚད་ལས་རྒལ་བའི་ ལཱ་ཅིག་མིནམ་ལས་ ཁོ་གི་སྲིད་བྱུས་ལུ་ སྒྱུར་བཅོས་མེདཔ་སྦེ་ བཤདཔ་ཨིན་པས་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1435588
Views Today :
Total views : 5000
Who's Online :