
སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ ལཱ་གཡོག་གི་ གོ་སྐབས་བཏོན་ནི་དང་ ཕྱིར་ཚོང་ཡར་དྲག་གཏང་ནི་ ཡང་ཅིན་ ནང་འདྲེན་ཚབ་འཛིན་གྱི་ ཐོན་སྐྱེད་བཟོ་ནིའི་ གོ་སྐབས་ཚུ་ ངེས་གཏན་ཡོད་པའི་ ཚོང་ལཱའི་གྲོས་འཆར་བཀོད་མི་ འབྲུག་མི་ཡོངས་ལུ་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ མ་དངུལ་གྱི་ གོ་སྐབས་ཡོད་ཟེར་ཨིན་པས།
དེ་ཡང་ དཔལ་འབྱོར་ལྷན་ཐབས་ཀྱི་མ་དངུལ་ དངུལ་ཀྲམ་ཐེར་འབུམ་ ༡༥ ཨིན་མིའི་གྲས་ལས་ རྒྱ་གར་གཞུང་གིས་ དངུལ་ཀྲམམ་ཐེར་འབུམ་ ༢.༥ བྱིན་ཡོདཔ་ཨིན་པས།
དངུལ་རྩིས་བློན་པོ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་བསྐྱར་གསོའི་ དམིགས་གཏད་དང་བསྟུན་ཏེ་ དཔལ་འབྱོར་ལྷན་ཐབས་དེ་གིས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་སྒྲིག་བཀོད་ བཙན་ཐབས་འབད་ནི་ལུ་ གཙོ་བོར་བཟུང་སྟེ་ ནང་འཁོད་འཐོན་སྐྱེད་ གོང་འཕེལ་གཏང་ནི་ཨིན་ཟེར་གསུངས་ཡི།
དམིགས་དོན་ཚུ་ཡང་ ལཱ་གཡོག་གི་ གོ་སྐབས་བཏོན་ནི་དང་ ཕྱི་དངུལ་གསོག་འཇོག་ ཡར་སེང་འབད་ནི་ དེ་ལས་ གཞུང་གི་དམིགས་གཏད་དང་འཁྲིལ་ཏེ་ ལོ་བསྟར་བཞིན་དུ་ བལྟ་བཤལ་པ་ ༣,༠༠,༠༠༠ རེ་ འབྲུག་ལུ་ འོང་ནི་ཡོདཔ་ བཟོ་ནི་ཚུ་ཨིན་པས།
འབྲུག་རྒྱལ་ཁབ་འདི་ ནང་འདྲེན་ལུ་བརྟེན་པའི་ རྒྱལ་ཁབ་ཅིག་འབདཝ་ལས་ སྤྱི་ལོ་ ༢༠༢༠ ལུ་ ནང་འདྲེན་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༦༦.༦༤ གནས་ཡོད་རུང་ སྤྱི་ལོ་ ༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་ ༩༠.༣ གུ་ ཡར་སེང་སོང་ཡོདཔ་ད་ དེ་བཟུམ་སྦེ་ སྤྱི་ལོ་ ༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་ ༡༠༨.༤༢ གུ་ ཡར་སེང་སོང་ནུག།
ཕྱིར་ཚོང་དེ་ སྤྱི་ལོ་ ༢༠༢༡ ལུ་ དངུལ་ཀྲམ་ཐེར་འབུམ་ ༥༧.༩༩ ཨིན་རུང་ སྥྱི་ལོ་ ༢༠༢༣ ལུ་ དངུལ་ཀྲམ་ཐེར་འབུམ་ ༥༢.༩༢ གུ་ མར་བབས་སོང་ཡོདཔ་ལས་ དཔལ་འབྱོར་ལྷན་ཐབས་དེ་གིས་ ཕྱིར་ཚོང་ཡར་སེང་དང་ ནང་འདྲེན་ཚབ་འཛིན་གྱི་ འཐོན་སྐྱེད་གོང་འཕེལ་ཚུ་གི་ཐོག་ལས་ ཕྱི་ནང་སྤྲོད་ལེན་གྱི་ ཁྱད་པར་བསུབ་ནི་ལུ་ཡང་ ཁེ་ཕན་འབྱུང་ནི་ཨིན་པས།
དེ་ལས་ གཞན་ཡང་ ཚོང་ལཱ་གསརཔ་ འགོ་བཙུག་ནི་དང་ ད་ལྟོ་ཡོད་མི་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་ ཡར་འཕར་ལུ་ རྒྱབ་སྐྱོར་ཐོག་ལས་ ནང་འཁོད་བཟོ་གྲྭ་ཆུང་བ་་དང་ ལཱ་གཡོག་བཏོན་ནི་ཚུ་ནང་ ཡར་དྲག་འཐོན་པའི་ རེ་བ་ཡོདཔ་ཨིན་པས།
དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ ལས་རིམ་དེ་ བློན་ཆེན་གྱི་ ཡིག་ཚང་འོག་ལུ་ དཔལ་འབྱོར་ལྷན་ཐབས་འཆར་གཞིའི་ ཡིག་ཚང་དང་ མི་རྗེ་བློན་ཆེན་གྱི་ ཁྲི་འཛིན་འོག་ལུ་ ལས་བྱེད་ཚོགས་ཆུང་གིས་ ལས་འགུལ་གྱི་ གྲོས་འཆར་ཚུ་ བསྐྱར་ཞིབ་དང་ བལྟ་རྟོག་འབད་ནི་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1436051
Views Today :
Total views : 5000
Who's Online :