
ཨེན་ཌི་ཊི་ཝི།
ད་རིས་ སྤྱི་ཟླ་ ༦ པའི་ཚེས་ ༩ གི་ ཕྱི་རོའི་ཆུ་ཚོད་ ༦ ལུ་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་གསརཔ་ཚུ་དང་ མཉམ་གཅིག་སྦེ་ བློན་ཆེན་གྱི་ གནས་ཡུན་ ༣ པའི་ ཕྱག་འགན་གྱི་དོན་ལས་ ཁས་བླངས་དམ་བཅའ་ཚུ་ ཕུལ་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་ ༦ པའི་ཚེས་ ༧ ལུ་ རྒྱ་གར་གྱི་སྲིད་འཛིན་ ཌའུ་པ་དི་ མུར་མུ་མཆོག་གིས་ བྷ་ར་ཏི་ཡ་ ཇ་ན་ཏ་ སྲིད་ཚོགས་ཀྱི་ འགོ་ཁྲིད་འབད་མི་ ན་རེན་ད་ར་ མོ་དི་གིས་ གཞུང་གསར་བཙུགས་འབད་ནི་ལུ་ ཆ་འཇོག་མཛད་མི་དང་བསྟུན་ཏེ་ཨིན་པས།
བློན་ཆེན་ན་རེན་ད་ར་ མོ་དི་གིས་ དེ་སྦེ་ གཞུང་གསར་བཙུགས་འབད་ཚུགས་མི་དེ་ཡང་ གཙོ་བོ་ར་ ཏེ་ལུ་གུ་དེ་སཱམ་ སྲིད་ཚོགས་དང་ ཇ་ན་ཏ་དཱལ་ སྲིད་ཚོགས་ ༢ མཉམ་བསྡོམས་ཐོག་ལུ་ ཚོགས་ཁང་འོག་མའི་ནང་ སྡོད་ཁྲི་ ༢༨ ཐོབ་མི་དེ་ དམངས་གཙོའི་མཐུན་ཚོགས་ཀྱི་ ཁ་ཐུག་ལུ་ར་ བཞག་ནི་སྦེ་ སྲིད་ཚོགས་དེ་ ༢ ཀྱི་ འགོ་ཁྲིདཔ་ཚུ་གིས་ ཁས་ལེན་འབད་བའི་ གནད་ལུ་བརྟེན་ཏེ་ཨིན་པས།
དེ་འབདཝ་ལས་ བྷ་ར་ཏི་ཡ་ ཇ་ན་ཏ་ སྲིད་ཚོགས་ཀྱི་ འགོ་ཁྲིད་འབད་དེ་ཡོད་མི་ རྒྱལ་ཡོངས་དམངས་གཙོའི་མཐུན་ཚོགས་ ནེ་ཤ་ནཱལ་ ཌེ་མོ་ཀེ་རི་ཊིག་ ཨེ་ལ་ཡེནཛ་གིས་ སྡོད་ཁྲི་ཡོངས་བསྡོམས་ ༢༩༣ ཐོབ་སྟེ་ རྒྱལ་ཁ་ཐོབ་ནུག།
ཁས་བླངས་དམ་བཅའའི་ རྟེན་འབྲེལ་ནང་ བློན་ཆེན་ན་རེན་ད་ར་ མོ་དི་གིས་ མགྲོན་བརྡ་ཕུལ་གནངམ་བཞིན་དུ་ འབྲུག་གི་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ ནེ་པཱལ་གྱི་བློན་ཆེན་ པུཤ་པ་ཀ་མཱལ་ད་ཧཱལ་ ཤྲཱི་ལངྐའི་སྲིད་འཛིན་ ར་ནིལ་ཝིག་རེ་མེ་སིང་གེ་ བང་ལ་དེཤ་གི་བློན་ཆེན་ ཤེག་ཧ་སི་ན་ཚུ་གིས་ཡང་ གྲལ་གཏོགས་མཛད་ནི་ཨིན་པའི་གནས་ཚུལ།




Users Today : 2420
Users Yesterday : 3481
This Month : 29349
This Year : 258190
Total Users : 970006
Views Today : 7487
Total views : 2810023
Who's Online : 12