ནིའུ་ཟི་ལེན་ལུ་ རྒྱ་ནག་གི་ བློན་ཆེན་གྱི་གཟིགས་སྐོར།

རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ རྒྱ་ནག་གི་བློན་ཆེན་ ལི་ཀི་ཨང་དེ་ ནིའུ་ཟི་ལེན་གྱི་རྒྱལ་ས་ ཝེ་ལིང་ཊཱོན་ལུ་ལྷོདཔ་ད་ ནིའུ་ཟི་ལེན་གྱི་ བློན་ཆེན་དང་ ཡོངས་ཁྱབ་གཙོ་འཛིན་ ༢ ཀྱིས་ བསུ་ལེན་འབད་ནུག།
རྒྱ་ནག་གི་ བློན་ཆེན་དེ་ ནིའུ་ཟི་ལེན་གྱི་ བློན་ཆེན་དང་གཅིག་ཁར་ ཟུང་ཕྱོགས་མཐུན་འབྲེལ་གྱི་ གསུང་གྲོས་གནང་པར་ བྱོན་ཡོདཔ་ད་ དེ་སྦེ་ རྒྱ་ནག་ལས་ ཆེས་མཐོ་ཅན་གྱི་ གོ་གནས་ཐོག་ལུ་ གཟིགས་སྐོར་གནང་མི་དེ་ ད་ཚུན་ ལོ་ངོ་ ༧ གྱི་ ནང་འཁོད་ལུ་ འགོ་དང་པ་ཨིན་པས།
རྒྱ་ནག་གི་ བློན་ཆེན་གྱིས་ ད་རེས་ནངས་པ་ རྒྱལ་སྤྱིའི་ནང་ མགུ་རྙོག་པའི་ འགྱུར་བ་ཚུ་ འཐོན་དོ་ཡོདཔ་ལས་ རྒྱ་ནག་དང་ ནིའུ་ཟི་ལེན་གྱི་བར་ན་ ཟུང་ཕྱོགས་མཐུན་འབྲེལ་ གོང་འཕེལ་གཏང་ནི་དེ་ ག་ནི་བ་ཡང་ གལ་ཅན་ཅིག་སྦེ་ བརྩི་དོ་ཡོད་པའི་སྐོར་ལས་ བཤད་ཡོདཔ་མ་ཚད་ རྒྱལ་ཁབ་ ༢ ལུ་ ཕན་ཚུན་ཁེ་ཕན་ཡོད་པའི་ མཉམ་འབྲེལ་ཡང་ སྒྲིང་སྒྲིང་སྦེ་ར་ གཞི་བཙུགས་འབད་ནི་གི་ འདུན་པ་ཡོད་ཟེར་གསུངས་ནུག།
དུས་ཅི་གི་ལོ་ནང་ རྒྱ་ནག་གིས་ ནིའུ་ཟི་ལེན་གྱི་ སྤྱི་ཚོགས་དེ་ འཕྲུལ་རིག་ཐོག་ལས་ གསང་ཞིབ་འབད་ཡོད་པའི་ གོ་བརྡ་སྤྲོད་ཡོདཔ་མ་ཚད་ པེ་སི་ཕིག་ ལུང་ཕྱོགས་ནང་ཡང་ རྒྱ་ནག་ལུ་བརྟེན་ཏེ་ སྲུང་སྐྱོབ་ལུ་ ཉེན་ཁ་ཡོད་པའི་ ཚོར་སྣང་ཡང་ བྱུང་ཡོདཔ་ཨིན་པས།
མ་གཞི་ ནིའུ་ཟི་ལེན་གྱིས་ རྒྱ་ནག་དང་གཅིག་ཁར་ ཚོང་འབྲེལ་གྱི་ རྩོད་ཉོག་ཚུ་ལས་ ཟུར་ཐབས་འབད་དོ་ཡོདཔ་ད་ ཨཱཛ་ཊེ་ལི་ཡ་ལུ་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ རྒྱ་ནག་གི་ ཚོང་འབྲེལ་རྩོད་ཉོག་གིས་ བྱེམ་ཕོག་ནུག།
ནིའུ་ཟི་ལེན་གྱི་བློན་ཆེན་ ཀི་རིཛ་ཊོ་ཕར་ ལུག་སཱོན་གྱིས་ ཁོང་བློན་ཆེན་ ༢ ཀྱི་བར་ན་ ལོ་རྒྱུས་ཚུ་ སྦ་གསང་མེད་པར་ བཤད་ཐོག་ལས་ རྒྱལ་ཁབ་ ༢ ལུ་ གོ་སྐབས་དང་ ཁེ་ཕན་ཡོད་རིགས་ཀྱི་སྐོར་ལས་ གསུང་གྲོས་གནང་ནི་ཨིན་པའི་གུ་ དཀའ་ངལ་ཚུ་ཡང་ བསལ་ཐབས་འབད་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: