
རོའི་ཊརཛ།
སྤྱི་ཟླ་ ༦ པའི་ཚེས་ ༢༦ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ ལྷོ་བྱང་ས་ཁོངས་ཚུ་ནང་ གནོད་འཚུབ་སྦོམ་ བཀལ་ཡོདཔ་ལས་ ས་གནས་ར་ཕ་ཟེར་སར་ ཉིན་ནུབ་ ༡ གི་རིང་ལུ་ ཕྱག་མདའ་རྐྱབ་ནུག།
ས་ཁོངས་དེ་ཚུའི་ནང་ སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཕ་ཁྲོམ་གྱི་ ནུབ་ཕྱོགས་ས་གནས་ ཊེལ་ཨཱལ་སུལ་ཏཱན་ཟེར་སར་ ཕྱད་མདའ་ཤུགས་སྦེ་ར་ རྐྱབ་ཡོདཔ་མ་ཚད་ ཧ་མཱཛ་དང་ ཨིཛ་ལ་མིག་ ཇི་ཧཱད་ཀྱི་ དམག་མི་ཚུ་གིས་ཡང་ ཨིཛ་རེལ་གྱི་ དམག་མི་ཚུ་གི་ གོ་མཚོན་སྟོབས་ཚུ་ བཟློག་ཐབས་ལུ་ མི་ཛ་ཡེལ་དང་ ལག་བམ་ཚུ་ བཀོག་ཡི་ཟེར་ཨིན་པས།
དེ་ཡང་ ཟླཝ་ཧེ་མའི་ནང་ལས་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཨི་ཇིབ་རྒྱལ་ཁབ་ཀྱི་ ས་མཚམས་ཁར་ཡོད་མི་ ག་ཟ་ལྷོ་ཕྱོགས་ཀྱི་ཁྲོམ་ ར་ཕ་ལུ་ དམིགས་གཏད་བསྐྱེད་དེ་ གནོད་འཚུབ་ཚུ་ བཀལ་ཡོདཔ་ད་ ས་གནས་དེ་ཁར་ མི་སེར་ས་ཡ་ ༢.༣ དེ་ཅིག་ ཕྱད་མདའ་ལས་ཟུར་ཏེ་ སྐྱབས་བཅོལ་བ་སྦེ་ སྡོད་དོ་ཡོད་རུང་ ད་རེས་ མི་སེར་ཚུ་ ས་གནས་དེ་ཁ་ལས་ཡང་ གཞན་ཁ་ལུ་ སྤོ་འགྱོ་དགོཔ་བྱུང་ནུག།
གནོད་འཚུབ་སྐབས་ལུ་ ཇ་ས་ལི་ཡ་ལུ་ སྐྱབས་བཅོལ་བའི་སྒར་ནང་སྡོད་མི་ པེ་ལིཛ་ཊིན་གྱི་ མི་སེར་ ༣ ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་བཏོན་ཁྲག་བཏོན་ བྱུང་ཡོདཔ་ད་ དེ་སྦེ་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་མི་ཚུ་ཡང་ རང་སོའི་ཉེ་ཚན་ཚུ་དང་ འབྲེལ་བ་འཐབ་ནིའི་དོན་ལས་ མཛོད་ཁང་ཅིག་གི་ སྦོ་ལོགས་ཁར་ ཡོངས་འབྲེལ་བརྒྱུད་ལམ་གྱི་དོན་ལུ་ བསྒུགས་སྡོད་ཡོདཔ་ཨིན་པས།
དེ་མ་ཚད་ ས་གནས་ནུ་སི་རཱཏ་གི་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་ལུ་ཡང་ གནོད་འཚུབ་བཀལ་ཡོདཔ་ལས་ མི་གྲངས་ ༥ ལུ་ ཤི་རྐྱེན་དང་ གཞན་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 3172
Users Yesterday : 3875
This Month : 82727
This Year : 519720
Total Users : 1231536
Views Today : 5939
Total views : 3286653
Who's Online : 14