ནེ་པཱལ་ལུ་ སྣུམ་འཁོར་བཱཛ་ ༢ ས་རུད་ཀྱིས་ ཕྱགས་བདའ་སྟེ་ འགྲུལ་པ་ལེ་ཤ་ཅིག་བྱང་སྟོར།

བི་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ ནེ་པཱལ་གྱི་ སྐྱེལ་འདྲེན་སྣུམ་འཁོར་བཱཛ་ ༢ ས་རུད་ཀྱིས་ འཕྱགས་བདའ་སྟེ་ གཙང་ཆུའི་ནང་ ཐིམས་སོངཔ་ལས་ འགྲུལ་པ་ ༣ མ་གཏོགས་ གཞན་མི་ ༦༠ ལྷགཔ་ཅིག་ བྱང་སྟོར་ཤོར་ནུག།
རྐྱེན་ངན་དེ་ཡང་ ས་གནས་ཅིད་ཏ་ཝཱན་གྱི་ ན་ར་ཝང་གཱད་དང་ མུག་གླིང་གཞུང་ལམ་ཁར་ བྱུང་ཡོདཔ་ད་ འགྲུལ་པ་ཅིག་གིས་ བཤད་དོ་བཟུམ་འབད་བ་ཅིན་ འགྲུལ་པ་ཚུ་ འདྲོག་སི་སི་སྦེ་ སྣུམ་འཁོར་གྱི་ སྒོ་ཅུང་ཚུ་གི་ནང་ལས་ ཕྱི་ཁར་བཏོན་བཏང་ཡི་ཟེར་ཨིན་པས།
འགྲུལ་པ་ནཱན་དཱན་ དཱཛ་གིས་ སྐྱེལ་འདྲེན་བཱཛ་དེ་ གཞུང་ལམ་བདའ་སྟེ་ འགྲུལ་བསྐྱོད་འབད་ནི་ འགོ་བཙུགས་ཏེ་ དུས་ཡུན་ཆུ་ཚོད་ཕྱེད་དང་ ༢ དེ་ཅིག་གི་རྒྱབ་ལས་ ཧང་སྟོང་མར་ རྦོབ་རིལ་ཏེ་ གཙང་ཆུའི་ནང་ ཐིམས་སོངཔ་ལས་ ཤི་ནི་ཨིནམ་འདྲས་ཟེར་ མནོ་སྟེ་འབད་རུང་ རྩལ་རྐྱབ་སྟེ་ ཐོན་ཚུགས་ཅི་ཟེར་བཤད་ནུག།
དེ་བཟུམ་སྦེ་ འགྲུལ་པ་གཞན་ཅིག་གིས་ཡང་ ཁོང་གི་སྣུམ་འཁོར་བཱཛ་དེ་ སྐོར་ཐེངས་ ༥ དེ་ཅིག་ རྦོབ་རིལ་འགྱོ་བའི་ཤུལ་ལུ་ གཙུང་ཆུའི་ནང་ ཐིམས་སོངཔ་ལས་ ཁོ་གི་བུ་དང་ མནའམ་དེ་ བུ་ ༡ དང་ བུམོ་ ༡ སྦྲགས་ཏེ་ གར་སོང་མེད་པར་ བྱང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: