
བི་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༡༢ ལི་ པོ་ལེན་གྱི་ ཕྱི་འབྲེལ་བློན་པོ་ ར་དོ་སི་ལཱ་ སི་ཀཱོཛ་ཀི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱིས་ གྲོས་འཆར་བཀོད་དོ་བཟུམ་སྦེ་ ར་ཤི་ཡའི་ མི་ཛ་ཡེལ་ཚུ་ ཡུ་ཀེ་རེན་གྱི་ མཁའ་དབྱིངས་ལས་ པོ་ལེན་གྱི་ མཁའ་དབྱིངས་ཕྱོགས་ལུ་ འོང་མི་ཚུ་ ཕབ་བཏང་ནི་སྦེ་ཡོད་ཟེར་ཨིན་པས།
གྲོས་འཆར་དེ་ཡང་ མདང་ཞག་ ཡུ་ཀེ་རེན་གྱི་སྲིད་འཛིན་ ཝོ་ལོ་ཌི་མིར་ ཟེ་ལེནཛ་ཀི་དེ་ པོ་ལེན་གྱི་རྒྱལ་ས་ ཝར་ས་ལུ་ གཟིགས་སྐོར་གནང་པར་ བྱོན་པའི་སྐབས་ལུ་བཟོ་མི་ སྲུང་སྐྱོབ་ཆིངས་ཡིག་ནང་ གསལ་བཀོད་འབད་ནུག།
ཕྱི་འབྲེལ་བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གྲོས་འཆར་དེ་ཡང་ ད་རེས་ བསམ་འཆར་བཟུམ་ཅིག་ཨིནམ་ལས་ མནོ་བསམ་གཏང་དགོཔ་ཡོད་ཟེར་ཨིནམ་ད་ མ་གཞི་ གྲོས་འཆར་དེ་དང་འཁྲིལ་བ་ཅིན་ མི་ཛ་ཡེལ་ཚུ་ ག་བཟུམ་ཅིག་ཨིན་རུང་ པོ་ལེན་ཕྱོགས་ལུ་འོང་མི་ མི་ཛ་ཡེལ་གང་རུང་ལུ་ ཁྱབ་ཚད་འོང་དགོ་ཟེར་ཨིན་པས།
པོ་ལེན་རྒྱལ་ཁབ་དེ་ ར་ཤི་ཡ་དང་ ཡུ་ཀེ་རེན་ ༢ དམག་འཁྲུག་ལང་སའི་ ཉེ་འདབས་ལུ་འབདཝ་ལས་ ར་ཤི་ཡའི་ མི་ཛ་ཡེལ་ཚུ་ པོ་ལེན་གྱི་ མཁའ་དབྱིངས་ལུ་འོང་མི་དེ་ ཧམ་འཛུལ་བཟུམ་ཅིག་ཨིན་རུང་ ར་ཤི་ཡའི་ ཁ་ཐུག་ལས་ ནོར་འཁྲུལ་གྱི་ སྐྱོན་འོང་སྲིདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 389
Users Yesterday : 4443
This Month : 95276
This Year : 391242
Total Users : 1103058
Views Today : 698
Total views : 3079328
Who's Online : 17