
རོའི་ཊརཛ།
སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ ན་ཡེ་ཇེ་རི་ཡའི་ རྒྱལ་ཁབ་ནང་ སློབ་གྲྭའི་སྒྲིང་ཁྱིམ་ ཐོག་ཚད་ ༢ འབད་མི་་ཅིག་ རམ་ཡར་སོངཔ་ལས་ མི་གྲངས་ ༢༢ ལུ་ ཤི་རྐྱེན་བྱུང་ནུག།
རྐྱེན་ངན་དེ་ནང་ མི་གྲངས་བསྡོམས་ ༡༥༤ དེ་ཅིག་ སྒྲིང་ཁྱིམ་འོག་ལུ་ ཚུད་ཡོད་རུང་ ཁོང་ག་ར་ ཕྱི་ཁར་བཏོན་ཚུགས་ཡོདཔ་ད་ ཁོང་གི་གྲས་ལས་ མི་གྲངས་ ༣༠ དེ་ཅིག་ སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཨིན་པས།
སྒྲིང་ཁྱིམ་དེ་ཡང་ སློབ་གྲྭའི་དུས་ཡུན་ནང་ རམ་ཡོདཔ་ད་ རྐྱེན་ངན་བྱུང་མི་ སེན་ཨེ་ཀ་ཌེ་མི་ སློབ་གྲྭ་དེ་ ན་ཡེ་ཇེ་རི་ཡའི་ བྱང་ཕྱོགས་མངའ་སྡེ་ལུ་ བུ་ས་བུ་ཇི་ཟེར་མི་ མི་སྡེའི་ནང་ཡོདཔ་ཨིན་པས།
ཨཕ་རི་ཀའི་ གླིང་ཆེན་ནང་ སྒྲིང་ཁྱིམ་རམ་འགྱོ་མིའི་ རྐྱེན་ངན་དེ་ འཕྲལ་འཕྲལ་ར་ བྱུང་དོ་ཡོདཔ་ད་ དེ་ཡང་ མི་རློབས་མང་པའི་ཁར་ ཉེན་སྲུང་གི་ ཐབས་ལམ་ཚུ་ ཚད་དང་ལྡམ་སྦེ་ མེད་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1392861
Views Today :
Total views : 5000
Who's Online :