བསམ་གྲུབ་ལྗོངས་མཁར་ལུ་ སྨྱོ་རྫས་སྐྱེལ་འདྲེན་འབད་བའི་ དོགས་པ་ཅན་འཛིན་བཟུང་།

བདུན་ཕྲག་འདི་ནང་ བསམ་གྲུབ་ལྗོངས་མཁར་ གཅིག་སྒྲིལ་སྒོ་རའི་ སྲུང་རྒྱབཔ་ཚུ་གིས་ རྡོ་དཀར་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཅིག་གི་ དེད་གཡོགཔ་སྐྱེས་ལོ་ ༣༨ འབད་མི་ཅིག་ སྨྱོ་རྫས་སྐྱེལ་འདྲེན་འབད་བའི་ དོགས་ཟོན་ཐོག་ལུ་ འཛིན་བཟུང་འབད་ནུག།
དེ་བསྒང་ དོགས་པ་ཅན་དེ་གི་ སྣུམ་འཁོར་ཊག་གི་ མདུན་སྒམ་ནང་ལས་ སྨྱོ་རྫས་ཨིན་པའི་ དོགས་པ་ཡོད་མི་ རྫས་སྣ་ག་རམ་ ༠.༦༡ འབད་མི་ཅིག་ ཐོབ་ཡོདཔ་ད་ དེད་གཡོགཔ་དེ་གིས་ ཁས་ལེན་འབད་མིའི་ནང་ རྫས་སྣ་དེ་ རྒྱ་གར་གྱི་མངའ་སྡེ་ ཨ་སཱམ་གྱི་ས་གནས་ རང་གི་ཡ་ལས་ དངུལ་ཀྲམ་ ༡,༠༠༠ སྤྲོད་དེ་ ཉོ་ཡི་ཟེར་ཨིན་པས།
རྒྱལ་གཞུང་འགག་སྡེ་གིས་ དོགས་པ་ཅན་གྱི་ རྫས་སྣ་དེ་ འབྲུག་བཟའ་ཆས་དང་ སྨྱོ་རྫས་དབང་འཛིན་དང་ རྒྱལ་འཛིན་ནད་རིགས་སྔོན་འགོག་ལྟེ་བར་ བརྟག་དཔྱད་དང་ གཏན་འཁེལ་གྱི་དོན་ལུ་ བསྐྱལ་བའི་ཤུལ་ལས་ རྫས་སྣ་དེ་ ཧོ་རོ་ཡིན་ཟེར་མི་ སྨྱོ་རྫས་ཨིནམ་སྦེ་ གཏན་འཁེལ་བྱུང་ནུག།
ཉེན་ཁ་དང་ ལང་ཤོར་ཐལ་སྲིད་པའི་ རྫས་སྣ་ཅིག་ཨིན་མི་ སྨྱོ་རྫས་དེ་ ཚེར་སྔོན་གྱི་ སོན་ནང་ལས་བཙག་སྟེ་ གཏོནམ་ཨིན་པའི་གནས་ཚུལ།

Please follow and like us: