
རོའི་ཊརཛ།
སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ ནེ་པཱལ་གྱི་ སྤྱི་ཚོགས་ནང་ལས་ གནས་སྐབས་གཞུང་གི་བློན་ཆེན་ པུཤ་པ་ཀ་མཱལ་ ད་ཧཱལ་ལུ་ ཡིད་ཆེས་མེད་པའི་ ཚོགས་རྒྱུན་བསྐྱུར་བའི་ཤུལ་ལས་ སྲིད་དོན་གྱི་ ལཱ་འབད་མི་ ཀེ་པི་ཤར་མ་ ཨོ་ལེ་གིས་ སྲིད་ཚོགས་མཉམ་བསྡོམས་ཀྱི་ གཞུང་བཙུགས་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིནམ་ད་ བློན་ཆེན་པུཤ་པ་ ཀ་མཱལ་དེ་ བློན་ཆེན་གྱི་ གོ་གནས་ཁར་ ཟླ་ངོ་ ༢༠ གི་རིང་ལུ་ ཕྱག་ཞུ་ནུག།
དེ་ཡང་ སྤྱི་ལོ་ ༢༠༠༨ ལུ་ མི་ལོ་ ༢༣༩ འཁོར་མི་ རྒྱལ་བརྒྱུད་རིང་ལུགས་ ཆ་མེད་བཏང་ཞིནམ་ལས་ཚུར་ སྲིད་དོན་ནང་ ཡུན་བརྟན་མེད་པའི་ རྒྱལ་ཁབ་ཅིག་སྦེ་ གནས་ཡོདཔ་ད་ ད་རེས་ ཨོ་ལེ་གིས་ སྲིད་གཞུང་བཙུགས་པའི་བསྒང་ལས་ སྲིད་གཞུང་ལན་ཐེངས་ ༡༤ སོརཝ་ཨིན་པས།
ད་རེས་ཀྱི་ བློན་ཆེན་དེ་ སྐྱེས་ལོ་ ༦༨ ལང་ཡོདཔ་ད་ ཁོ་ལུ་ དགོངས་ཞུ་འབད་ནི་དང་ དེ་མིན་ སྤྱི་ཚོགས་ནང་ མང་མོས་ཀྱི་ ཡི་ཆེས་ཡོད་དགོ་ཟེར་བའི་ བརྗོད་དོན་ཚུ་ བཀོད་ཡོདཔ་ད་ ད་རེས་ ཁོ་ལུ་ མང་མོས་ཀྱི་ ཡིད་ཆེས་མེདམི་དེ་ཡང་ ཨོ་ལེ་གིས་ འགོ་ཁྲིད་འབད་མི་ སྲིད་ཚོགས་དེ་གིས་ བློན་ཆེན་ད་ཧཱལ་ལུ་ རྒྱབ་སྐྱོར་ཕྱིར་དབྱུང་འབད་ནི་དེ་གིས་ཨིན་པས།
ཨོ་ལེ་གིས་ ཧེ་མ་ཡང་ གནས་ཡུན་ ༢ ཀྱི་རིང་ལུ་ བློན་ཆེན་གྱི་ གོ་གནས་ཁར་ ཕྱག་ཞུ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1392863
Views Today :
Total views : 5000
Who's Online :